སྐལ་བཟང་གི་མཆེད་པོ་ཚོ།
ཁྱུང་བསོད་བློ།
སྲིད་པ་ལྕམ་དྲལ་གཤོས་པའི་སྒང་རྒྱབ་དང་།།
རིགས་དྲུག་ཁ་ཁ་གྱེས་པའི་སོ་མཚམས་སུ།།
ལས་འཕྲོའི་བསོད་ནམས་ཤིག་གིས་མཐུ་བརྟས་ནས།།
ལྷོ་གླིང་སོག་ཁའི་བྲང་དུ་ལྷན་འཛོམས་བྱུང་།།
བག་ཆཌ་ཞད་ཅིག་བགོ་བའི་རྣམ་ཤེས་དེ།།
ལས་རླུང་ཕྲ་མོ་བསྡེབས་ནས་སྟོང་གསུམ་འཁོར།།
སྲིད་པ་འདོད་ཁམས་གྲོལ་སའི་གན་གཞུང་དུ།།
ལས་སྐལ་སད་ཐེངས་ཤིག་ལ་རུག་གེར་འཕངས།།
སྐྱེ་སྲིད་སྦུབ་རྒྱ་རལ་བའི་ཕྱི་རྟིང་དུ།།
བྱམས་དང་སྙིང་རྗེས་བངས་བའི་སྒྲོན་མེ་སྟེ།།
དཔེ་ཆའི་སྤྱན་མིག་གྲུང་པོའི་སློབ་དཔོན་འཕྲད།།
ཟབ་གདམས་གྱ་ནོམ་གཅིག་གིས་མཆེད་པོ་བསྒྱུར།།
མཉམ་མེད་བླ་མ་བཤེཌ་པའི་གཤེན་ཁྱིམ་གྱི།།
བྱིན་ཅན་མདོ་སྔཌ་སེམས་གསུམ་བློ་རུ་བཤར།།
པོད་ཆེན་སྒོ་བཞི་མཛོད་ལྔའི་ལྡེ་མིག་བཙལ།།
བདེན་གཉིས་ཡང་ལྕི་བཤེར་བའི་མཆེད་པོ་གྱུར།།
དྲི་བསུང་འཐུལ་བའི་ལང་ཚོའི་ཤ་འུ་འདི།།
འཆི་བདག་བཙན་པོས་རིལ་རིལ་མ་བྱས་ལ།།
ལས་དབང་ཇག་པས་ནག་ནོག་མ་བཟོས་བར།།
གྲུབ་མཐའ་ཞིག་གི་སྐྱིད་སྡུག་མཉམ་དུ་གླེང་།།
ཡོད་ཚད་ནག་ཉེས་བསམ་ནས་སྒམ་སྒམ་བྱས།།
དྲན་ཚད་ཉོན་མོངས་བསམ་ནས་ཉུང་ཉུང་བྱས།།
ཞལ་གདམས་ཆོག་ཤེས་ཤིག་གིས་ནེམ་ནེམ་བཟོས།།
རུག་རུག་གྲྭ་རྐྱང་ཞིག་གི་ལས་དབང་འགྲིམས།།
ཚུྃལ་ཁྲིམྃས་པད་ལོ་རྒྱས་པའི་གཤེན་དགོན་ཏེ།།
ཏིངྃ་འཛིནྃ་རི་བོ་ཆེན་པོའི་བྲང་ཁ་རུ།།
ཤེསྃ་རྃབ་འཁོར་ལོ་གསུམ་གྱིས་གཡུ་རྒྱན་སྤུད།།
ངུར་སྨྲིག་རྒྱུ་སྐར་གསེབ་ཏུ་ང་ཚོ་ཡོད།།
ཡན་ལག་གར་དུ་རྩེད་པའི་ཐོག་མ་སྟེ།།
དྷི་སྐད་རྐན་ནས་ཐོན་པའི་ཞོགས་པ་ནས།།
སྐལ་བཟང་གཅན་ལྔའི་ཁྲི་ལ་མ་རྒྱན་བར།།
ཡང་སྙིང་དགག་སྒྲུབ་སྤང་བླང་མཉམ་དུ་བྱེད།།
ལུས་ཀྱི་བ་སྤུ་དུ་ཡོད་བློ་ལ་གསལ།།
ངག་གི་སྒྱུ་རྩལ་ཅི་ཡོད་སེམས་ཀྱིས་ངེས།།
འོ་མ་ཆུ་བཞིན་འདྲེས་པའི་མཆེད་པོ་ཚོ།།
ནམ་ཡང་དབང་པོའི་སྒོ་ལ་ཝ་ལེར་ཡོད།།
༢༠༡༦/༢/༡༡/བོད་ཟླ་/༡/ཚེས་/༣/་ཉིན་ཞོགས་པར་བདག་གི་མི་ཚེ་ཕྱེད་ཀ་ཞིག་ཏུ་དཀའ་བའི་ལ་དང་དོག་པོའི་འཕྲང་ལ་མ་འཛེམས་ཏེ། ལོ་བཅུ་ཕྲག་ལྷག་ཏུ་རྩམ་ཁུག་གཅིག་གི་ཤག་པོ་ཟབ་གདམས་གཅིག་གི་མཆེད་པོ་བྱས་པའི་འཛིན་གྲོགས་ཚོ་ལམ་ལམ་དུ་ཤར་བཞིན་བྲིས་སོ།།