སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38751


 
ང་དང་འབྲལ་མི་ཕོད་པའི་གྲིབ་སོ།
[ 2016/2/22 18:38:00 | By: vase ]
 

ང་དང་འབྲལ་མི་ཕོད་པའི་གྲིབ་སོ།


                                               ཁྱུང་བསོད་བློ།  


སྐྱེ་སྲིད་སྦུབ་རྒྱ་རལ་བའི་དན་རྟཌ་འོག་ཏུ།།

ལས་སྲིད་རྔམ་ཁ་འཐུག་པའི་གྲུ་ཁ་ཞིག་ནས།།

ལྷོ་གླིང་འཇིག་རྟེན་འགྲིམས་པ་ང་ཙམ་མ་ཡིན།།

ཀུན་པོ་བདེ་བའི་ཆེད་དུ་འདུར་རྒྱུཌ་དིར་དིར།།


སྲིད་པ་འཁོར་བའི་གྲོང་གི་ཕྱི་རྟིང་ཞིག་ལ།།

བག་ཆཌ་རྣམ་སྨིན་དཀར་པོས་ཤེད་དུ་འཕངས་པའི།།

རྣམ་རྟོག་ཚོར་འདུ་རྒོད་པའི་མཐོ་རིས་ཁེར་རྐྱང་།།

བདག་གི་གྲིབ་སོ་ནག་པོ་གྱེས་སུ་མ་འགྲོ།


འཇིག་རྟེན་གྲུ་ཁ་འགྲིམ་ལ་བྱང་ཆ་བུད་སྟེ།།

ལན་གྲངས་སྐྱེ་བ་སྟོང་གི་ལས་ཀྱིས་དེད་པའི།།

ལྷུ་ལག་ཚིག་གིས་སྤྲས་པའི་བེམ་ཁོག་གང་ལ།།

ཕྲ་མོའི་རྣམ་ཤེས་ཞུཌ་པ་ཐེངས་གཅིག་མ་ཡིན།།


དཀར་དམར་བརྩེ་བ་རློན་པས་མཐུ་ཞིག་བརྟས་ཏེ།།

འགངས་ཆེན་ཚེ་སྲོག་ཕྲ་མོ་ཨ་མས་གཅེས་པའི།།

དལ་འབྱོར་ཚེ་ཁ་གང་གི་ལང་ཚོ་དམར་མོ།།

ཐོ་ཐོའི་གྲིབ་གཟུཌ་ཁྱོད་ལས་གྱེས་འདོད་མེད་དོ།།


རིཌ་དྲུག་རུ་སྤུངས་བསྟར་སའི་ཆབ་རོམ་སྲིབ་ནས།།

ལས་རླུང་ཆ་རུ་སྡེབ་བཞིན་རྗེས་དེད་ཚ་ཡང་།།

དད་པའི་སེམས་ཀྱིས་མཆོད་ས་ཡུལ་མཆོག་བཞི་ཡི།།

ཐུགས་བརྩེས་ཚེ་ཐག་བསྲིང་བའི་རེ་བ་ཆེ་ཡོད།།


དབུཌ་ཐག་རྔུབ་ཁ་བགོམ་པའི་མཐའ་མཇུག་ཞིག་ལ།།

ལང་ཚོའི་ཤ་འུ་དྲི་བསུང་རྒས་པས་བཅོམ་ནས།།

ཆུ་འཛིན་སྡུག་བསྔལ་ནག་པོས་ལུས་ཉི་སྒྲིབ་དུས།།

ནག་འགྱིང་གྲིབ་སོའི་སྡོང་པོ་གུག་གུག་འགྱུར་ཉེན།།


ཕྱྭ་ཚེ་དཔལ་གྱིས་ཕྱུག་པའི་མྱི་ལོ་བརྒྱ་ལ།།

མགོན་གྱི་ཡི་དམ་ལྷ་ཡིས་གཡུག་ཏུ་མ་གཏོང་།།

གདོན་གྱི་བྱད་འདྲེ་ཞིག་གིས་ཆམ་དུ་མ་ཕབ།།

ང་དང་ལུས་ཀྱི་གྲིབ་གཟུགས་བརྟན་པར་སྨོན་ནོ།།


༢༠༡༦/༢/༣/དྲོ་གཞུང་འཁོར་དུས་/༡༢/པའི་ཐོག་ཏུ་འཁྱུག་གོ།




 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.