སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38548


 
འཁྲུངས་སྐར་བསུ་བའི་དར་དཀར།
[ 2016/2/22 18:36:00 | By: vase ]
 

       འཁྲུངས་སྐར་བསུ་བའི་དར་དཀར།


                                                  ཁྱུང་བསོད་བློ།  

       

       པོ་ཏི་རླུང་གིས་གཟེད་པའི་ཆར་སྨག་ནང་།།

      གཤེན་གྱི་བཀའ་རྫི་གཉིད་ཀྱིས་ཉོབ་ཉིན་མོར།།

      བོན་གྱི་པོད་གོས་ཚེམ་གྱིས་དྲུབ་མཁས་པོ།།

     འགྲོ་བས་མཇལ་ཁ་ཞུ་ས་མཉམ་མེད་པ།།

  

     རང་ལྟ་མཁྲེགས་པོ་ཞིག་གིས་མ་བསླད་ལ།།

     ཕྱོགས་རིས་གྱོང་པོ་ཞིག་གིས་མ་འཐེན་པའི།།

     ཞི་བའི་སྤྱན་མིག་གྲུང་པོའི་འཛུམ་ཞལ་ཅན།།

    འཕྲུལ་སྒྲོན་རྣམ་ལྔའི་བདག་པོ་མཉམ་མེད་པ།།


    སྐུ་ཚེ་གྲྭ་རྐྱང་ཞིག་གི་སྟབས་ཀ་ནས།།

   འཚོ་གཟན་ཞབས་ཞུ་གྱ་ནོམ་མ་འཚོགས་ཀྱང་།།

  བདེན་གཉིས་ཤེས་བྱའི་པོད་ཆེན་གྱེན་དུ་བཀན།།

   བདེན་ཁས་ས་མཐར་བསྐྱོད་པའི་ཨ་སྐྱོ་ཞིག། 

  

    ཤེས་རིག་རལ་གྲི་ཞིག་གི་རྣོ་ངར་རེས།།

   མ་རིག་འཁྲུལ་རྟོག་ཞཌ་པ་ཐག་གེར་བཅད།།

    སྨྲ་སེང་མི་རུ་བརྫུས་པའི་བློ་གྲོས་གཏེར།།

    སྨན་གྱི་རི་ནས་གྲགས་པའི་མཉམ་མེད་པ།།

   

    མཁས་གྲུབ་ཁྱུང་ཆེན་འཕུར་བའི་ཉག་ག་ནས།།

   རྒྱལ་མཚན་སུམ་རྩེར་བསྒྲེངས་བའི་གྱད་ཆེན་ཁྱེད།།

   འཆད་རྩོད་དྷི་སྒྲ་སྒྲོག་པའི་བསིལ་གདུཌ་འོག།

    སྨན་གྱི་རི་ལ་འཁྲས་མཁན་མཉམ་མེད་པ།།


   ༢༠༡༦/༢/༡༣/ཉིན་བོན་གྱི་གཤེན་རབ་གཉིས་པ་མཉམ་མེད་ཆེན་པོའི་འཁྲུངས་སྐར་ལ་བསྲུང་རྩི་ཞུའོ་འཚོགས་གྲོལ་མ་ཐག་ཏུ་ཕུལ་ལོ།།




 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.