སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38511


 
ཆུང་དུས་ཀྱི་རྫི་བོ་ང་།
[ 2016/2/22 18:33:00 | By: vase ]
 


ཆུང་དུས་ཀྱི་རྫི་བོ་ང་།

    

                                   ཁྱུང་བསོད་བློ།


ཉག་ག་ཟིལ་པའི་རྩྭ་མགོ་ཁ་བས་བཏུམས།།

ནོར་ཆུང་གནག་རྫིའི་རྐང་ཆུང་གངས་སུ་ཟུག།

ལྕི་འདམ་འཐོཌ་པའི་ལག་ཆུང་གྲང་བས་འཁོབ།།

བེའུ་ལུག་རི་ལ་བཀྲམ་པའི་ཞོགས་པ་དྲན།།


བལ་རྩིད་དཀར་ནག་སྦྲ་ཆོན་རྒྱུ་སྤུན་བསྒྲིལ།།

སྨྱུག་ཐག་ཤུག་པའི་བཞོ་བཟོ་འོ་མས་བཀང་།།

ཉིང་བཅུད་ཟས་ཀྱི་དཀར་ཤེ་དབྱར་དུ་བསོཌ།།

སྤང་ཁར་ཧྲིལ་ལོག་རྒྱག་པའི་བྱིས་དུས་དྲན།།


ཐོ་རེངས་འབྲི་མོས་རྩྭ་ཆུའི་གཟན་ལ་རོལ།།

འོ་མ་དཀར་མོའི་ནོར་ལུག་ལྷས་སུ་འཁོད།།

དྲོ་ཚད་གྲུས་མའི་གདང་ཐག་འཐེན་ཉིན་མོའི།།

ལུ་གུས་རྩེད་གར་ལྡིང་སའི་སྤང་ཐང་དྲན།།


ལྗང་ཤུག་གཡུ་ལོ་བཀོད་པའི་ཚང་ཚིང་དུ།།

ས་རྒོད་དྲེད་པོས་ར་ཧྲོང་དབུཌ་ཁ་བཀག།

ར་མ་རྒྱ་མོས་ཨོ་རལ་ཤོར་ཉིན་མོའི།།

ལྷོ་དྲེད་ཁམ་ཁྲའི་ཁ་དོག་ཝ་ལེར་འཆར།།


རི་སྤྱང་སྐྱ་བོས་རྫ་རྩེ་གཤག་ཉིན་མོར།།

ཁེར་རྐྱང་རྫི་བོས་རྒྱང་མིག་ནོར་ལ་གཏད།།

བེའུ་ཆུང་ཁྲ་མགོའི་རྨིག་རྗེས་དེད་བཞིན་པར།།

འབྲུ་ཡོས་ཁྲ་བོ་བལྡད་བཞིན་ཆས་པ་དྲན།།


རྩི་བརྒྱ་བཞད་པའི་དབྱར་ཟླ་དྲུག་པ་ལ།།

རྫ་སྤང་གཡའ་བྲག་འགྲེས་མའི་ཧྲེ་ཤུལ་དུ།།

ཁྱུང་གཡག་ཁམ་པས་ངར་ལྷབ་ལྡིར་ལྡིར་ངང་།།

སྤང་ལ་རྭ་རྩེད་བསྒྱུར་བའི་ལྟད་མོ་དྲན།།


དུ་བ་མདངས་འབྲེལ་ཁྱིམ་འཚེས་རྫི་གྲོཌ་ལྷན།།

བསིལ་གདུཌ་འོག་ཏུ་གཉིས་ཆར་བསྡེབས་ཉིན་དང་།།

རྫ་སྤང་རྫི་གླུའི་ཀི་སྒྲ་འཐེན་ཉིན་མོའི།།

རི་སྤྱང་རྫ་རྩེར་འཕྲད་པའི་དངངས་འཚུབ་དྲན།།


༢༠༡༦/༢/༥/ཉིན་མཛུབ་རྩེ་འགུལ་ཐེངས་ཤིག་ལ་ཤར་མར་འཁྱུག་གོ།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.