སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38430


 
ཁེར་གླིང་པ།
[ 2016/2/22 18:32:00 | By: vase ]
 

ཁེར་གླིང་པ།


                                                ཁྱུང་བསོད་བློ།


ཀུན་བརྟག་རིག་པ་ཞིག་གིས་མཐུ་བརྟས་ནས།།

རྣམ་རྟོག་ཟོ་ཆུའི་དར་སྐུད་མ་ཆད་ཀྱང་།།

རི་བོ་གནམ་དུ་བཀན་པའི་བྲང་ཁ་རུ།།

སྤང་བླང་དབྱེ་བཞག་མཛད་བཞིན་ཁྱེད་རང་ཆས།།


ལས་ཉོན་གྲམ་པོ་ཆབ་ཀྱིས་མ་བངས་ཀྱང་།།

འདུ་བའི་ལང་ཚོ་ནད་ཀྱིས་མ་མནར་བར།།

རིས་དྲུག་སྣང་བ་གཤར་སའི་རི་ངོགས་ནས།།

ཁེར་རྐྱང་རྡོག་ཁ་བགོམ་བཞིན་ཁྱེད་རང་ཆས།།


འདོད་ཡོན་ཟ་ཁ་འགུལ་ནས་ཞེ་མ་ཆགས།།

རྟོག་འགྱུ་འཕར་ལྡིང་བྱེད་སའི་འཁོར་ས་སྟོངས།།

ངེས་འབྱུང་སེམས་ཀྱི་ལྷ་ལམ་དཀར་པོ་ནས།།

ཁེར་གླིང་སིང་སིང་འབུས་བཞིན་ཁྱེད་རང་ཆས།།


བདེ་སྡུག་སྲིད་ཞི་བྲང་གི་བཞི་མདོ་རུ།།

བརྩེ་བ་ཞིག་གིས་ཞོཌ་གཉིད་མ་དཀྲོགས་ལ།།

དུང་བ་ཞིག་གིས་ཨ་ལོང་མ་སྦྲེལ་བར།།

ཁེར་གཉིད་ཞིང་ཁམས་འགྲིམ་བཞིན་ཁྱེད་རང་ཆས།།


ལྟག་དགྱེ་བྱེད་སའི་གོ་སར་མ་བརྙབ་ལ།།

རྡོག་བརྫིས་བཏང་སའི་དམན་སར་ག་ལ་འཛུལ།།

ཡང་སྙིང་དབུ་མ་བཙལ་སའི་གན་གཞུང་ནས།།

བདག་འཛིན་དྲུང་ནས་འབྱིན་བཞིན་ཁྱེད་རང་ཕེབས།།


སྲིད་པ་དཀར་ནག་འདྲེས་སའི་གྲུ་ཟུར་དང་།།

སྐྱོ་ཤས་ངེས་འབྱུང་རླུང་གི་དར་སྣེ་ནས།།

སངས་རྒྱས་ན་བཟའ་གདམ་པའི་སེར་མོ་བ།།

ཁེར་རྐྱང་བློ་བདེ་བྱེད་བཞིན་ཁྱེད་རང་ཆས།།


འཇིག་རྟེན་ཞག་གིས་ནེམ་པའི་རྡོག་ལྷམ་གསེབ།།

རྒྱས་སྤྲོས་ལུས་ལ་སྤུད་པའི་ཡོང་འབབས་དང་།།

ཕྱི་མིག་ཤེད་དུ་བཙིར་ས་གང་མེད་ཀྱང་།།

མ་འོངས་མཁའ་སྤྱོད་ཡུལ་ནས་ཁྱེད་རང་ཆས།།


བརྒྱ་ལོ་མཁའ་རུ་ཕྱར་སའི་རི་ཁུག་དང་།།

ལོངས་སྤྱོད་ནོར་གར་རྩེན་སའི་གླིང་ཁ་རུ།།

ཁྱེད་ཀྱི་འབྱོར་བས་གཞན་བློ་མི་ཚིམ་ཡང་།།

ལ་ཆེན་ལ་མོའི་རྒྱགས་ཕྱེ་ཁྱེད་ཉིད་འབེལ།།


ལས་འབྲས་སྤང་བླང་དཔྱོད་པའི་བློ་མིག་དང་།།

བློ་འདས་ཆེན་པོར་བརྟཌ་པའི་ལྟ་བ་སོཌ།།

ནང་རྟགས་ཕྱི་རུ་བསམ་པའི་བུ་ཡིན་ན།།

དགེ་བྱེད་ཁེར་རྐྱང་ཞིག་ལས་སྐྱིད་ཅིག་དཀོན།།


༢༠༡༦/༡/༡༤/ཉིན་ཕྱི་དྲོ་/༥/ཐོག་མངགས་སོ།།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.