སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38552


 
གྱེར་གྱི་སྐར་ཆེན།
[ 2016/2/22 18:30:00 | By: vase ]
 

གྱེར་གྱི་སྐར་ཆེན།


                                      ཁྱུང་བསོད་བློ།


པོད་བརྩེཌ་རིམ་པ་མཐོ་བའི་གུར་ཁང་དང་།།

དཔེ་ཆའི་འོད་ཀྱིས་དྲོས་པའི་ཉི་ར་ནང་།།

མྱི་ལོ་བརྒྱ་ཕྲག་བརྒལ་བའི་ཞབས་རྗེས་ཅན།།

གྱེར་གྱི་སྐར་ཆེན་ཞིག་གིས་ད་དུང་གསལ།།


ཐུཌ་རྒྱུད་བྱམས་ཀྱིས་བངས་བའི་དགེ་བྱེད་པ།།

ངང་རྒྱུད་ཆུ་ལས་རིང་བའི་ཚིག་མཛོད་དང་།།

གཤིས་རྒྱུད་བལ་ལས་འཇམ་པའི་དཔེ་ཆ་བ།།

འདས་སོང་སྐར་ཆེན་ཞིག་གིས་ད་དུང་གསལ།།


གཞའ་སྤྲིན་ཟེར་ཐག་འཐེན་པའི་སྒང་སྲིབ་ཀྱི།།

སྣང་མུན་བདེན་རྫུན་གཤཌ་པའི་སྐྱ་རེངས་ཏེ།།

བློ་མིག་གྲུང་ཐག་ཆོད་པའི་རིག་སྨྲ་བ།།

ཚད་མའི་སྐར་ཆེན་ཞིག་གིས་ད་དུང་གསལ།།


བྱིན་ཅན་མདོ་སྔཌ་སེམས་ཀྱིས་ནེམ་ནེམ་མཛད།།

ཞི་བའི་ས་རུ་འཛུམ་བཞིན་ཞི་བར་གཤེགས།།

རྨིག་རྗེས་བྲག་ལ་བཅོལ་ནས་ཕེབས་ཡོད་ཀྱང་།།

རྡོ་རིང་འོད་ཀྱི་སྐར་ཆེན་མཉམ་མེད་པ།།


དུས་ཀྱི་སྨག་མཐའ་འཐུག་པའི་གས་སྲུབ་ཏུ།།

གནའ་རྫས་རྙིང་དྲི་བྲོ་བའི་པོད་ཆེན་འགའ།།

ས་འོག་རིམ་པ་དགུ་རུ་ཤོར་ཉིན་མོར།།

གྱེར་བསྟན་ཐུཌ་སུ་བཅང་མཁན་མཉམ་མེད་པ།།


གྲུབ་མཐའི་རུ་དར་བསྒྲིཌ་པའི་རི་ངོགས་སུ།།

རིང་ཐུང་བདེན་པའི་ཕུཌ་ཐག་འགྲན་ཉིན་མོར།།

གསེར་གྱི་བོན་དཔེའི་རྟཌ་མ་ལེན་མཁན་གྱི།།

གླིང་བཞི་ལམ་ལམ་གསལ་བའི་སྐར་ཆེན་ཞིག།


ཆུ་ཁའི་བྱེ་མ་འབྱུང་བས་མ་སྤུར་བར།།

གནད་མདུད་གསལ་ཁ་ཅན་གྱི་བཀའ་སྒྲོམ་སྟེ།།

གོ་དོན་ཉ་ཉོག་མ་ཤོར་མཉམ་མེད་པའི།།

དཔེ་ཆའི་སྐར་ཆེན་དེ་ཡིས་མ་འོངས་གསལ།།


༢༠༡༦/༢/༡༣/ཉིན་མཉམ་མེད་དུས་ཆེན་གྱི་འཁྲུངས་སྐར་ཉིན་མོར་དགོང་ཐུག་ཕོར་གང་རིང་ལ་ཤར་ཤར་འཁྱུག་གོ།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.