སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
2829
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38833


 
ཟླ་བའི་འོད་ལ་འཁྲས་པ།
[ 2016/2/22 18:29:00 | By: vase ]
 

ཟླ་བའི་འོད་ལ་འཁྲས་པ།


                                       ཁྱུང་བསོད་བློ།


རྔ་ཟོར་མཁའ་ནས་བརྐྱངས་པའི་དགོང་མོ་དང་།།

འོད་ཟོར་བྲག་ལ་ཕོག་པའི་མུན་མཚམས་སུ།།

ཚོར་འདུ་འཕར་ལྡིང་བྱེད་པའི་ལབ་གླེང་འོག།

འདུར་རྒྱུཌ་ཚོམ་བུའི་དབུ་ནག་འོད་ལ་འཁྲས།།


ནག་ཆེན་སྨག་མཐའ་འཐུག་པོའི་གུར་ཁང་དང་།།

སྣང་མུན་ག་འུ་བསྡེབས་པའི་སྲུབ་ཀ་རུ།།

ཉོབ་པོ་གཉིད་ལ་ཆས་པའི་ཡུལ་གྱར་ཚོ།།

ལས་སྣང་རྨི་ལམ་རྒྱུ་བའི་འགྲུལ་བཞུད་མང་།།


ཟླ་ཕྱེད་དབྱིངས་ནས་གུག་པའི་ལྷོད་ཆཌ་ངང་།།

རྒྱུ་སྐར་མཁའ་ནས་གཤར་བའི་རི་ངོགས་སུ།།

བཞི་མདོའི་དྲི་ཟ་ཞིག་གིས་རྒྱལ་ཁམས་འགྲིམས།།

མུན་པ་གླུ་རུ་བསྒྱུར་ནས་ཆས་སྐད་འདུག།


འོད་ཆེན་ལན་ཀ་རུབ་པའི་དབུཌ་ལམ་ནང་།།

ས་ཆེན་སྨག་གིས་བཏུམ་པའི་མཚན་གུང་ལ།།

འབྱམས་ཆེན་སྟོང་པ་ཞིག་ལ་རྟེན་བྱེད་པའི།།

རྔམ་ཆེན་རལ་པ་ཅན་སིག་ཡོད་སྐད་འདུག།


སྣང་བས་ས་རྩ་ནག་པའི་རུ་མཚམས་ནས།།

རལ་པ་གནམ་དུ་རྒྱུ་བའི་གནའ་མི་ཚོས།།

ལྷ་འདྲེར་གཞོབ་དུད་ཤོར་དོགས་ལྟ་སྤྱོད་དེ།།

ད་ཆར་ཅོལ་ཆུང་སེམས་ལ་དྲི་ཙམ་མེད།།


མལ་སར་གཉིད་དུ་བབ་པའི་མཚན་གུང་ལ།།

བག་ཆཊ་ཞེད་ཀྱིས་བགོས་པའི་ཉོན་མོངས་དང་།།

རུ་མ་ལས་ཀྱིས་དེད་པའི་འགྱུ་བ་སོགས།།

ས་བོན་སད་རུང་ཞིག་ལས་མ་འདས་སོ།།


བལ་འདབ་སྤྲིན་ཕུང་གཤཌ་ལ་གཤོག་ལམ་བྱང་།།

ཐལ་རྡུལ་རིམ་པ་གཏོར་བའི་རྣོ་དབལ་ཅན།།

ཚེས་གསུམ་ལྕགས་ཟོར་དཀར་པོའི་གྲིབ་སོ་དེ།།

ཐོག་རེག་སུ་ལ་མ་ཐུག་དགུང་ནས་བསྙེགས།།


༢༠༡༦/༢/༡༩/ཉིན་དྲོ་གཞུང་གྲྭ་ཤག་ནང་ནས་བཏེག་གོ།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.