སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38554


 
བཅུ་དྲུག་ཁ་བའི་ལྷ་མོ།
[ 2016/1/3 20:26:00 | By: vase ]
 


བཅུ་དྲུག་ཁ་བའི་ལྷ་མོ།


                                ཁྱུང་བསོད་བློ།


རྣ་རྩར་བཤིད་བཤིད་ལྡང་བའི་གྲང་ངར་དེ།།

མཆུ་ཏོར་ཆུས་ཆུས་ཤོར་བའི་དཔེ་རུ་བསྙེཌ།།

ཆབ་རོམ་ཏི་སེའི་སྲིབ་ཀྱི་རྣོ་གཟེར་དེ།།

ད་ནངས་ཁ་བའི་མདངས་ཁ་གྲུང་མ་ཞིག།


བཅུ་དྲུག་ཁ་བའི་ལྷ་མོ་དཀའ་ཨེ་ཐེས།།

ད་ལོ་གངས་སར་ཕེབས་པ་དགའ་འདུག་ལ།།

སང་ལོ་དེ་བཞིན་གངས་ཆར་སྩོལ་བར་ཤོག།།

འབྲུ་དྲུག་ཞིང་ས་ཁ་བས་བངས་པར་གྱིས།།


སྨིན་ལེགས་ལང་ཚོ་ཁ་བའི་ལྷགས་རླུང་དེས།།

གནག་ཆུང་ནོར་རྫིའི་ལག་ཆུང་འཁོབ་ཏུ་བཅུག།

ལྷས་ཆེན་དྲུད་མའི་རྐང་ཆུང་གངས་སུ་ཟུག།

བྱིས་དུས་ལྷས་རའི་གདང་ཐག་འཐེན་ཉིན་དྲན།།


གྲང་ངོབ་རླུང་བུ་ཞིག་གིས་ཤུཌ་སུ་བསྐྱལ།།

རྣོ་གཟེར་བུ་ཡུག་ཅིག་གིས་རླན་དུ་བཅུག།

གངས་འཁྱཌ་ཁ་བའི་འདབ་མ་སིབ་སིབ་འཁྱུག།

གངས་ཕྲུག་ཁ་བས་འཕྱིད་པའི་གནས་སུ་གྱར།།


སྙོག་མས་མ་སླད་ཁ་བ་དྭངས་གཙང་མ།།

གོ་ཁའི་ཐལ་དང་གཅིན་སྐྱག་བཞེས་མ་ཤོར།།

འདབ་ལོ་ཕྱོགས་བཅུར་གྱེས་པའི་དཔག་བསམ་སྟེ།།

ལྷ་ཤིང་ཤུག་པའི་ཤུག་འབྲས་བཞེས་རོགས་གྱིས།།


རང་སར་བརྡོལ་བའི་རང་བྱུང་སྐྱེ་ཁམས་ཀྱི།།

ཚང་ཚིང་ནགས་ཀྱི་སྔོ་ལྡུམ་ཁ་བས་བཏུམ།།

ཡལ་ག་སྐྱ་བོའི་ལྕང་སྡོང་གུག་གུག་བཟོས།།

ཚོར་བ་དཀར་འཇམ་མངོན་པར་ལྷིང་འཇཌ་བྱས།།


མཁའ་ནས་མགྱོགས་སུ་ཕེབས་པའི་ཁ་བ་དེ།།

གཤིས་ནས་ལྷག་བསམ་དཀར་པོའི་དཔུང་འཐུག་སྟེ།།

སྲིད་པ་ས་ལ་ཆགས་པའི་བརྒྱུད་རིམ་ཁྲོད།།

ཞལ་རས་དམར་པོ་གྱུར་པའི་ལོ་རྒྱུས་མེད།།


ཆར་རླུང་གནམ་ནས་ལྡང་བའི་སྨག་ནག་ནང་།།

མཐའ་མཚམས་ཏི་སེས་གཡོག་པའི་རི་སྒང་ནས།།

ཡོངས་འཛིན་བླ་མ་ཕེབས་པའི་མཛད་འཕྲིན་ཁྲོད།།

ཞབས་རྗེས་ཁ་བའི་ངོགས་སུ་གཞག་རབས་ཡོད།།


དབྱར་ཆུ་གནམ་ལ་རེ་བའི་ཞིང་འབྲོག་དང་།།

སྟོན་ཆུ་ལྐུགས་པས་ངོམ་པའི་ལྷ་ཀླུ་ཡོངས།།

ཚོར་འདུ་བདེ་སྡུག་འཕར་མའི་སྲུབ་ཀ་རུ།།

བསིལ་བསིལ་ཁ་བ་གངས་ཀྱིས་ནེམ་རབས་ཡོད།།


བཅུ་དྲུག་ལོ་ཡི་ཁ་བ་དང་པོ་དེ།།

བཅུ་དྲུག་ཟླ་ཚེས་དང་པོའི་ཞོཌ་པར་བབས།།

བཅུ་དྲུག་ལང་ཚོའི་གཞོན་ཤ་དཀར་པོ་ངོམ།།

བཅུ་དྲུག་ལོ་ཡི་འགྲོ་ཀུན་ཞལ་རས་དཀར།།


བཅུ་དྲུག་གནམ་གྱི་ཁ་བ་ཐོག་མ་ཁྱོད།།

བཅུ་དྲུག་ཁ་བའི་བུ་ལ་གྲོས་ཤིང་མོལ།།

དབབ་མཚམས་ནམ་འཇོག་སྔ་ཙམ་གསུང་རོཌ་གྱིས།།

བདེ་ལམ་བསྐྱལ་བའི་གྲ་སྒྲིག་ཨང་གསར་དགོས།།


སྤྱི་ལོ་/༢༠༡༦/ལོ་ཡི་གནམ་གྱི་ཁ་བ་ཐོག་མ་དེ/༢༠༡༦/༡/༡/ཉིན་ཏག་ཏག་བབས་འདུག་པས་ཡ་མཚར་བའི་འདུ་ཤེས་ཁྲོད་ཡིག་ཆུང་གི་ཚིག་རིམ་ཞིག་/༢༠༡༦/༡/༡/ཞོཌ་ཇ་ཕོར་གང་གི་རིང་ལ་/ཁྱུང་བསོད་བློ་/ནས་བཏཌ་སོ།།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.