སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38661


 
འདས་ལོ་བསྐྱལ་བའི་གཏམ་ཤིས།
[ 2016/1/3 20:21:00 | By: vase ]
 

འདས་ལོ་བསྐྱལ་བའི་གཏམ་ཤིས།

  

                                       ཁྱུང་བསོད་བློ།



སྲིད་པ་འདས་གྲོང་ཞིག་གི་བྲང་གཞུང་དུ།།

འཕར་རྩ་མི་རྟག་ཕྲ་མོས་འཇིག་ལ་བྲེལ།།

སྣང་བ་དཀར་དམར་གཤགས་པའི་གྲུ་ཁ་རུ།།

ཞག་ཟླའི་གནམ་ལོ་ཡོལ་བ་གཞི་ནས་ཚོར།།


ལྷ་རུ་ལན་རེ་རྫུན་གྱིས་མ་ངེས་ལ།།

འདྲེ་རུ་ཐེངས་བརྒྱ་སྤྲུལ་བ་མ་ཚད་པའི།།

རྣམ་ཤེས་སྲོག་དབུག་རྒྱུ་སའི་སྲང་ལམ་སྟེ།།

གཡང་དཀར་ལུག་གི་ལོ་ཞིག་མཁའ་ནས་གཤེཌ།།


འགའ་ཞིག་འཛུམ་དུ་མོལ་བར་དགོད་དུ་བཅུག།

རེ་ཞིག་འ་འུར་གཏམ་གྱིས་འདྲོགས་སུ་བྱས།།

རྣམ་རྟོག་ཚ་གྲང་ལྕག་གིས་བསྐུལ་འདེད་ཀྱིས།།

སེམས་དཔའི་ཐུཌ་དམ་དཀྲུཌ་པར་གནོང་འགྱོད་ཞུ།།


ལོ་གཅིག་ཉི་ཟླས་བདེ་སྐྱིད་བསྐྲུན་པའི་བྲང་།།

སྣ་བརྒྱ་བྱ་བའི་རི་སྒང་གཤོང་ཟུར་འགྲིམས།།

ཕན་ཚུན་དགྲ་གཉེན་བདེ་སྡུག་བྲག་འཕྲང་བགོམ།།

སྤྱི་ལོ་སྔ་མའི་གྲིབ་གཟུགས་དེ་རིང་ཡོལ།།


བལ་གྱི་གཡང་ལོ་ཕྱིར་འཐེན་མ་ནུས་ལ།།

སྤྲེལ་ལོའི་ཚེས་ཀྱི་ཟླ་བར་ཆིབ་བསུ་ཅན།།

བདེ་སྐྱིད་རེ་བའི་རིཌ་དྲུག་གསོན་པོ་ཀུན།།

རང་མཐུན་ཁམས་གསུམ་གཞིས་སུ་སྐྱིད་པར་ཞུ།།


སྣུམ་ཆེན་མཐོ་སར་ངོས་དགས་རུ་དར་གཡུགས།།

ཉམ་ཆུང་དམན་སར་ལྐོག་གཡོ་ཟུར་ཟས་བརྙས།།

ཁ་ཁོག་གསེབ་ནས་ནག་ཉེས་ཤོར་དོ་ཅོག།

སོར་བཅུ་ཕྱག་གིས་ཟླུམ་ནས་གུས་གུས་ཞུ།།


སྤྱི་ལོ་གཉིས་ཀྱི་ས་མཚམས་རྩོད་ཉིན་ཏེ།།

མཁའ་འོག་རྒྱུ་སྐར་གྱེས་པའི་སོ་མཚམས་སུ།།

ན་ནིང་བཅོ་ལྔ་ལྷ་མོར་བཀའ་དྲིན་བརྗོད།།

སང་ལོ་བཅུ་དྲུག་གཞོན་ནུ་མཇལ་ཁ་ཞུ།།


༢༠༡༥/ལོ་ཡི་ལོ་མཇུག་སྤྱི་ཟླ་/༡༢/༣༡/དགོང་མོར་བྲིས་སོ།།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.