སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38589


 
ཕྲག་དོག་གིས་སྦྲིད་པ་འགའ།
[ 2016/1/3 20:18:00 | By: vase ]
 

ཕྲག་དོག་གིས་སྦྲིད་པ་འགའ།

   

                                  ཁྱུང་བསོད་བློ། 


དུས་རབས་སྟབས་བདེའི་འཕྲིན་སྟེཌ་ཐོག།

གནམ་ལ་འཕུར་བའི་རྩོམ་ཡིག་དང་།།

ས་ལ་འཛུལ་བའི་སློབ་གསོ་ཞིག།

བྲིས་ནས་དྲྭ་ཐོག་སྤེལ་སྲིད་ཀྱང་།།

ད་དུང་མ་མཐོང་ཁ་ཁྱེར་གྱི།།

ཕྲག་དོག་རྒོད་པའི་དྲྭ་འབུ་མང་།།


དུས་རབས་སྤྱི་ཚོཌ་འཛོམས་པོ་ལ།།

གཤེན་རབ་ཅིག་གིས་རྗེས་གཞག་འདྲ།།

སངས་རྒྱས་ཤིག་གི་མཛད་འཕྲིན་ཞིག།

བཀའ་གསུང་བཀའ་བརྟེན་བསྐྲུན་གཞག་ཀྱང་།

ད་དུང་མ་རེད་མདོག་མདོག་གི།

ཕྲག་དོག་གདོན་གྱིས་བཟི་མཁན་མང་།།


དུས་རབས་ཉེར་གཅིག་རྒོད་པོ་འདིར།།

རྒྱལ་བྱིན་འདྲ་བའི་ལྷ་གཞིས་བཞེངས།།

གཙུག་རིན་འདྲ་བའི་བསྟན་གཞིས་བསྐྲུན།།

བཤད་སྒྲུབ་རུ་དར་བསྒྲེངས་གཞག་ཀྱང་།།

ད་དུང་ཡི་རང་མ་སྐྱེས་པའི།།

དབུ་ལོ་མཁྲེགས་པོའི་དྲྭ་ཉུལ་མང་།།


སངས་རྒྱས་གསོན་པོ་ཕེབས་རྗེས་སུ།།

བཀའ་ལ་གྱོང་གུད་ཤོར་དོགས་བྱས།།

གནམ་གྱི་ཐོག་རྡོ་ཤེད་དུ་བཏེགས།།

བསྟན་པའི་ཀ་ཆེན་བསླངས་གཞག་ཀྱང་།།

ད་དུང་དེ་ཙམ་མ་མགུ་བའི།།

ཕྲག་དོག་ཞོན་པའི་འགྲིམ་འགྲུལ་མང་།།


ཉི་ཤུ་དགུ་ཡི་སྨག་ནག་ནང་།།

བསྟན་པའི་ཆེད་དུ་དཀའ་བ་སྤྱད།།

འགྲོ་བའི་དོན་དུ་ཚེ་སྲོག་བཞེངས།།

གསེར་པོད་གོ་དགུ་ཉར་སྡད་ཀྱང་།།

ད་དུང་བཀའ་དྲིན་མ་ཚོར་བའི།།།

ཡ་ལན་སློག་མཁན་དྲེད་པོ་མང་།།


འདོད་ཡོན་རྦ་ལོག་བརྒྱག་ཉིན་ཏེ།།

སྐད་ཡིག་རྐུབ་སྟེཌ་དམའ་ཉིན་མོར།།

འཆད་རྩོད་རྩོམ་པོ་མགོ་ཡུ་ཚོས།།

ཀ་ཁའི་ཚེ་སྲོག་བསྐྲུན་གཞག་ཀྱང་།།

ད་དུང་བཀའ་དྲིན་མ་ཚོར་བའི།།

ཟ་འགམ་ཟེར་མཁན་ལྟ་ལོག་མང་།།


ལས་དབང་ཞིག་གིས་མ་ཐེག་ནས།།

ཨ་མཆོད་ཞིག་གི་སྐྱེ་བ་བླངས།།

ཤི་གསོན་བློ་བདེ་སེམས་བདེ་བྱས།།

གྱང་ཁུགས་ཤིག་ཏུ་སྒུར་སྡད་ཀྱང་།།

ད་དུང་དཀོར་འགམ་ཟེར་མཁན་གྱི།།

ངོ་ཚ་བྲལ་བའི་ཡོན་བདག་མང་།།


༢༠༡༥/༡༢/༢༦/དྲོ་ཟས་ཕོར་གང་རིང་དུ་ཤར་མར་འཁྱུག་གོ།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.