ཀི་ཧི་ཧི།
བོན་གཞུང་ཐང་དུ་ཡུན་རིང་བསྐྱོད།།
བཅུ་རིག་གཤེན་གྱི་གངས་ལ་བརྒལ།།
འཆད་རྩོད་རྩོམ་གྱི་ལ་རྩེ་ནས།།
ཁྱེད་ཉིད་ཐོན་པ་ཀི་ཧི་ཧི།།
བུ་ལུས་བླངས་བའི་དོན་གོ་ཆོད།།
འདི་དང་ཕྱི་མའི་མདུན་ལམ་འགྲུབ།།
སྐྱེ་བ་བརྒྱ་ལ་རྙེད་དཀའ་བའི།།
རིག་པའི་རབ་འབྱམས་སྐལ་པ་བཟང་།།
བསོད་ནམས་ལས་ཀྱིས་དབེན་སར་འཕང་།།
འཁོར་ལོ་གསུམ་གྱི་སྟ་གོན་འཛོམས།།
ཉིན་ཞགས་མྱི་ལོ་བཅུ་གསུམ་ལ།།
འཁྲེགས་པོའི་རང་རྒྱུད་བངས་བར་བྱས།།
དཔེ་གཞུང་གོང་འོག་དཔྱད་མོལ་བྱས།།
ཐོས་བསམ་སྒོམ་པའི་ཉམས་ལེན་གྱིས།།
བདག་མེད་རྟོགས་པའི་ཤེས་རབ་འབར།།
བདག་འཛིན་འཁྲུལ་པའི་ལྕཌ་ངར་བཞུས།།
རྒྱུན་པར་ཁོང་གི་གསུང་བཤད་ཕལ།།
བཙལ་སྐྱོང་ཤེས་ན་སྙན་ངག་རང་།།
རྣ་རུ་ལྷུང་ལྷུང་འཇགས་ཆེ་བས།།
ནམ་ཡང་ཝ་ལེར་ཝ་ལེར་འཆར།།
གདམས་ངག་བདུད་རྩི་མཉམ་བཏུང་གི།
དཔེ་ལྟ་བློ་འཛིན་མཉམ་གཤར་གྱི།།
ལོ་མང་རྩམ་ཁུཌ་གཅིག་པའི་གྲོཌ།།
བཤེས་གཉེན་བཞེངས་པ་སྐལ་པ་བཟང་།།
གཞི་ལམ་འཕྲང་དུ་ཞལ་ལྕེ་རྣོ།།
ལོ་རྒྱུས་གླེང་ལ་སྨྲ་བརྗོད་མཛེས།།
རྩོམ་པོ་ཨ་མའི་བུ་རྒོད་ཁྱེད།།
ནམ་ཡང་དྲན་པའི་དཀྱིལ་དུ་ཡོད།།
བཀྲིས་གནམ་ལོ་བཟང་པོ་ལ།།
བདེ་ལེགས་སྐལ་བཟང་ཉི་མ་ཤར།།
ཕུན་སུམ་ཚོགས་པའི་མཆེད་གྲོཊ་ཁྱེད།།
བསྟན་དོན་མཛད་འཕྲིན་རྒྱས་པར་ཤོག།
༧མི་ཚེ་ཕྱེད་ཀ་ཞིག་ལ་འབྲེལ་འདྲིས་ཆེ་སྟེ་ཡུན་རིང་བའི་སེམས་ནང་གི་གྲོགས་པོ་/ཁྲ་གཡུང་དྲུང་སེང་གེ་/འམ་སྨྱུག་མིང་/སྦྲུལ་ཞགས/འབོད་པ་ཁོང་གི་སྐལ་བཟང་རྟེན་འབྲེལ་གྱི་ཉིན་མོ་སྟེ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཛད་སྒོ་བཟང་པོ་དེ་ལ་དར་དཀར་གྱི་མེ་ཏོག་དཀར་པོ་ཞིག་/ཁྱུང་བསོད་བློ་/ནས་ཕུལ་ལོ།།