སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38555


 
སུམ་པ་གླང་གི་ནོར་བུ།
[ 2016/1/3 20:13:00 | By: vase ]
 

         སུམ་པ་གླང་གི་ནོར་བུ།


                                               ཁྱུང་བསོད་བློ།


གྲུབ་ཆེན་བླ་མ་བཞེངས་སའི་ཐང་ཆེན་དུ།།

བརྩེ་ཆེན་དགོངས་པའི་ཐུགས་ཀྱི་ཞིང་ས་བཟུང་།།

ཉམས་ལེན་རིན་ཆེན་འབྲུ་ཡི་ས་བོན་བཏབ།།

ཤར་གྱི་མཛོད་ཆེན་སྡེ་ལྔའི་སྙེ་ལོ་ཡག།


སྐྱེས་ཆེན་ཉི་མ་ཤར་སའི་རི་ཁུག་ཏུ།།

རླབས་ཆེན་སྣང་བ་གཤག་པའི་ནོར་བུ་འཁྲུངས།།

ས་ཆེན་བྲག་དམར་རི་ཡི་མགུལ་དུ་འཁྲས།།

བྱིན་ཆེན་མདོ་སྔཌ་སེམས་ཀྱིས་བརྗིད་ཅིང་ཚུཌ།།


ཆོག་ཤེས་མཁན་པོའི་མཁས་ཚུཌ་ཆུང་ནས་དོད།།

བཅུ་རིག་གཟིགས་པའི་ཤེས་རིག་ལྷན་དུ་རྫོགས།།

ཞི་བ་ལྷ་ཡི་ཞི་དུལ་གཤིས་ལ་བྱང་།།

རིམ་གཉིས་རྫོཌ་པའི་རྣལ་འབྱོར་གསོན་པོ་ཁྱེད།།


སྣང་བ་ཞིག་ལ་ཟུར་མིག་མ་འཕང་ལ།།

དཀར་དམར་ཞིག་གི་རྒྱན་གྱིས་མ་སྤྲས་པའི།།

དགའ་བ་བཞི་ཡིས་ཐབས་ཤེས་སྔ་ཙམ་འཁྱུད།།

བདེ་སྟོང་ཟུང་གི་སུམ་པའི་རྣལ་འབྱོར་ཁྱེད།།


ཕྱི་སྣོད་དག་པར་གཟིཌ་ལ་སྤྱན་དཀྱུས་ཡངས།།

ནང་བཅུད་ལྷ་རུ་བསྒྱུར་བའི་ཉམས་ལེན་ཟབ།།

ཟུང་འཇུག་སྒྱུ་ལུས་བཞེངས་ལ་རྩལ་གསུམ་རྫོཌ།།

མཁས་གྲུབ་ལྟ་བའི་ཁྱུང་ཆེན་ཁྱེད་ཉིད་ལྡིང་།།


རྗེས་གཞག་གཤེན་རབ་པོད་ཀྱི་ཏི་སེའི་པང་།།

རྗེས་འཇུག་བྱེ་བས་ཤེས་རིག་རྩྭ་ཆུ་རོལ།།

སྣ་བརྒྱ་གཅན་གཟན་རྒྱུ་བའི་གངས་ཁྲོད་དུ།།

མདོ་སྔགས་སེམས་ཀྱི་སེང་ཆེན་ཁྱེད་ཉིད་འགྱིང་།།


སྤྲིན་ནག་རླུང་གིས་སྤུར་བའི་གཞའ་གུར་འོག།

སྒོ་མཛོད་གསུང་རབ་ཉི་མ་མཁའ་ནས་ཤར།།

སྒོམ་སྒྲུབ་ཐར་ལམ་དྲོད་སྐྱིད་ལྷན་དུ་རོལ།།

དགེ་མཚན་སྟོང་གི་གཟི་བྱིན་ཁྱེད་ལ་ཕྱུག།


གཞའ་སྤྲིན་མཁའ་རུ་འཁྱུད་པའི་བསིལ་གྲིབ་འོག།

མཚམས་སྤྲིན་དམར་སེར་གཤེན་སྡེའི་ཡོ་ལངས་མཛེས།།

ཟབ་གདམས་ཆབ་ཀྱི་ཏི་སེ་དུ་མའི་ནང་།།

ཁྱེད་ནི་རྣལ་འབྱོར་འཁྲུངས་སའི་ཆུ་མགོ་གཅིག།


ཕ་ནོར་མདོ་སྔཌ་སེམས་ཀྱི་གཤོག་ཟུང་ཡངས།།

ཕྱྭ་གཤེན་ཕྱི་ནང་གསུམ་གྱི་རྔ་གསང་མཐོ།།

རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་པ་ཆེ།།

མང་ཐོས་བྱེ་བའི་དབུས་སུ་ཁྱེད་ཉིད་དཔའ།།


༧ རིན་པོ་ཆེ་ཁོང་གི་སྐུ་ཚེ་སྒྲུབ་པ་མཉམ་སྐྱེལ་གྱི་མཛད་འཕྲིན་དང་དགོངས་པའི་ཉམས་ལེན་ཟབ་མོ་ལ་དུས་རྒྱུན་ཡིད་སྨོན་ལན་བརྒྱ་ཤོར་བས་རྐྱེན་བྱས་ནས་དད་པའི་ཕྱག་སོར་སྤྱི་གཙུག་ཏུ་ཟླུམ་བཞིན་སྨྲ་བརྗོད་ཚིག་གི་མཛེས་ལོ་མེད་ཀྱང་ཉབ་ཉོབ་འཁྱུག་པའི་སྨྱུག་ཁ་དེ་དཀྱུས་ཐེངས་ཤིག་ལ་/༢༠༡༥/༡༢/༢༣/ཉིན་/ཁྱུང་བསོད་བློ་/ནས་ཕུལ་ལོ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.