སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38698


 
ལམ་བར་གྱི་ཚོར་བའི་སྟངས་སྟབས།
[ 2016/1/3 20:10:00 | By: vase ]
 

ལམ་བར་གྱི་ཚོར་བའི་སྟངས་སྟབས།


                                                  ཁྱུང་བསོད་བློ།

ས་གཙང་སུམ་པ་སྒང་གི་སྤང་གཞོང་དུ།།

འཕེན་བྱེད་ཕྲ་མོའི་བག་ཆཌ་མཉམ་དུ་སད།།

སྣུམ་ཅན་གཏེར་སྒྲོམ་ཁ་ཡི་དཀྱིལ་དུ་འཕང་།།

སྨྲ་གླེང་འཛུམ་དུ་མོལ་བའི་ཉི་མ་ཤར།།


དྲང་སྲོང་རྒྱལ་བའི་བསླབ་གསུམ་སྲོག་ལས་གཅེས།།

མཉམ་མེད་བླ་མའི་བཅའ་ཡིག་སྤྱི་བོར་བཀུར།།

འཆད་རྩོད་རྩོམ་རིག་རྒྱུ་བའི་མཐོ་ལམ་ནས།།

སྨྲ་སེང་དགྱེས་པའི་དྷི་སྐད་མཉམ་དུ་བསྒྲགས།།


གཤེན་ཆེན་མྱེས་པོ་གཤེགས་པའི་ཤུལ་ལམ་དུ།།

རྒྱལ་བ་གོང་མས་རྗེས་གཞག་མཛད་རྗེས་དང་།།

རྒྱལ་རབས་དུ་མའི་ལོ་རབས་འཕོ་འགྱུར་སོགས།།

དུས་རབས་འདི་ལ་གསལ་ཁ་ཡོད་ཚུལ་གླེང་།།


རྒྱ་རྔ་མཐིང་བརྡུང་དེ་ལ་ཡུན་རིང་ཉན།།

ཚེམས་ཕྲེང་དུང་གི་རྡོ་ཐེམ་ཡུན་རིང་གཤཌ།།

རྒྱལ་འཕཌ་ཚུལ་ལྡན་དགེན་གྱིས་ཡུན་རིང་བསྐྱང་།།

བཀའ་དྲིན་སྐད་ཅིག་མ་བརྗེད་ཡུན་རིང་དྲན།།


ཐལ་སྐད་དང་པོ་གཏོང་བའི་ཞོགས་པ་ནས།།

བསྡུས་གྲྭ་ངག་ཏུ་གཤར་ནས་ད་ལྟའི་བར།།

ལོ་མང་དཀའ་སྡུག་བརྒྱུད་པའི་ལམ་བར་གྱི།།

གྱ་གྱུ་ཚོར་བའི་བདེ་སྡུག་ལབ་གླེང་བྱས།།


ཕན་ཚུན་དཀར་དམར་འཚེར་བའི་མཆེད་གྲོཌ་བར།།

རེས་མོས་སྔ་ཕྱི་རྒོལ་བའི་སྟངས་སྟབས་དང་།།

ལུས་ཅན་བ་སྤུ་གྲངས་ཀྱིས་དཔོག་ཚོད་སྟེ།།

སྤྱན་ཟུང་ཁྲ་མོའི་ངོས་ལ་ཝ་ལེར་འཆར།།


ཀུན་གསལ་རྒྱལ་འཕཌ་ཉི་ཟླ་དབུས་སུ་ཤར།།

ཀུན་མཁས་ཚུལ་ཁྲིམས་བཤེས་ཀྱི་སྐར་མ་བཀྲ།

འདི་ཕྱིའི་ལམ་སྣ་སྟོན་པའི་སྒྲོན་མེ་གསུམ།།

ཐུགས་རྗེའི་བཀའ་དྲིན་དྲན་པ་ཐེངས་བརྒྱ་མིན།།


༢༠༡༥/༡༢/༦/ཕྱི་དྲོ་ཆུ་ཚོད་/༧/པའི་ཐོག་ཏུ་བྲིས་སོ།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.