སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38485


 
ཀུན་ཕན་གསེར་གྱི་ཉི་མ།
[ 2015/8/8 7:22:00 | By: vase ]
 

  ཀུན་ཕན་གསེར་གྱི་ཉི་མ།

                    

                                            ཁྱུང་བསོད་བློ།


ཡང་སྲིད་ཐག་པས་མ་འཐེན་ལ།།

ཆོས་སྲིད་རྫུན་མས་མ་བསྐོས་པའི།།

དོན་གྱི་ཁྲི་འཛིན་སོ་གསུམ་ཁྱེད།།

མཁའ་སྤྱོད་ཞིང་ནས་ལྷ་ཡིས་མངཌ།།


མཚན་དཔེ་ཤར་གྱི་རི་ལ་བཞད།།

མཛད་འཕྲིན་ལྷོ་གླིང་ཅལ་ནས་སྐྱོང་།།

མཉམ་མེད་གསེར་ཁྲི་སེར་པོའི་དཀྱིལ།།

སྐུ་བསོད་སྔར་ལས་རྒྱས་པར་བཞུགས།།


ཉེར་གཅིག་སྙིགས་མ་ལྔ་བདོ་ལ།།

བསྟན་འགྲོའི་དོན་ཆེན་རྒྱུན་དུ་སྐྱོང་།།

ལམ་སྟོན་སྡོངས་གྲོགས་ཤུཌ་སུ་གནང་།།

གཡུང་དྲུང་བསྟན་པའི་སྒྲོན་མེ་མཛད།།


ཡོངས་རྩེ་རྫོགས་ཆེན་བསྟན་པའི་ཏོག།

ལུང་རྟོགས་གསེར་གྱི་ཉི་མ་ཁྱེད།།

བརྩེ་ཆེན་འོད་ཟེར་ཕྱོཌ་བཅུར་སྤྲོས།།

མ་གྱུར་འགྲོ་བའི་སྡོངས་སུ་བྱོན།།


རིག་པའི་རབ་འབྱམས་བྱེ་བའི་གཏེར།།

ཁྱེད་ཀྱི་བཀའ་དྲིན་ཀློང་ནས་བརྡོལ།།

སངས་རྒྱས་ཁྱེད་ཀྱི་ཚུལ་ཁྲིམས་དེའི།།

དྲི་བསུང་གངས་ཅན་ལྗོངས་སུ་ཁྱབ།།


ཐུཌ་རྗེ་གྲིབ་བསིལ་སྣུམ་པོའི་འོག།

བཤད་སྒྲུབ་ཉི་མའི་འོད་ཟེར་དེ།།

མ་ཡུམ་གཤེན་དགོན་ཡོངས་ལ་ཕོག།

བསླབ་གསུམ་འདུས་སྡེའི་མེ་ཏོག་བཀྲ།།


བྲག་རོང་གཡང་གི་མཐའ་མཚམས་དང་།།

མདའ་གྲི་སོ་པའི་མདུང་བར་ནས།།

མཉམ་མེད་ཚང་གི་བསྟན་དོན་དུ།།

ཕྱིར་ནུད་མེད་པར་ཁྱེད་ཉིད་ཕེབས།།


ལྷོ་གླིང་ནགས་ཀྱི་རི་གསེབ་ཏུ།།

སྒོ་བཞི་མཛོད་ལྔའི་གསས་ཁང་བཞེང་།།

ཐེག་པ་དགུ་ཡི་ཐབ་ལྷ་གསོས།།

གཤེན་བསྟན་དོད་དུ་བཤད་སྒྲུབ་བཙུཌ།།


ཧི་མ་ལ་ཡའི་རི་རྒྱུད་ནས།།

བོན་བསྟན་ཆེད་དུ་གྲྭ་ས་འགྲིམས།།

ཁྱེད་ཀྱིས་འདུས་སྡེའི་གཅེས་སྐྱོང་དེ།།

བསྐལ་བ་བརྒྱ་ལ་བརྗེད་དུ་དཀའ།།


བུ་སློབ་བྱེ་བའི་གདང་ཐག་འཐེན།།

གཤེན་བསྟན་སྐྱོང་བའི་བཀའ་དྲིན་འདི།།

འཛམ་གླིང་ནོར་གྱིས་མི་ཁུག་ལ།།

ལྷོ་གླིང་འགྲོ་བས་ཐེག་ཏུ་དཀའ།།


ཀུན་གསལ་གསེར་གྱི་ཉི་མ་ཁྱེད།།

བཀྲིས་འཛམ་གླིང་སོག་ཁ་རུ།།

བདེ་ལེགས་སྐྱིད་ཀྱི་ཉི་མ་འཆར།།

ཕུན་སུམ་ཚོགས་ཤིང་བཞུགས་པར་སྨོན།།


༧སྤྱི་ལོ་༢༠༡༥/སྤྱི་ཟླ/༧/༢/བོད་ཟླ་/༥/༡༥/ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་/ལུང་རྟོགས་བསྟན་པའི་ཉི་མ/རིན་པོ་ཆེ་ཡི་འཁྲུངས་སྐར་ཉིན་གྱི་ཞོགས་པར་དད་པའི་སོར་བཅུའི་མཇལ་ཕྱག་སྤྱི་གཙུག་ཏུ་ཟླུམ་བཞིན་ཕུལ།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.