སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38238


 
རིག་པ་སྨྲ་བའི་སྟངས་སྟབས།
[ 2015/8/8 7:19:00 | By: vase ]
 

རིག་པ་སྨྲ་བའི་སྟངས་སྟབས།


                                          ཁྱུང་བསོད་བློ།


མེས་པོ་སེམས་དཔའ་ཞིག་གིས་ཀི་ཞིག་བཏབ།།

རྣམ་དཔྱོད་རིག་སྨྲ་ཞིག་གིས་ལན་ཞིག་ཕུལ།།

ལུང་རིག་ལག་རྒྱུན་དྲོད་མོའི་སྲོལ་ཞིག་དོད།།

  དེ་ནི་ཚད་མ་སྨྲ་བའི་སྟངས་སྟབས་ཤིག།


 ཚོས་ཆེན་གྲུམ་ཙེ་སེར་པོའི་ཁྲི་གཞོང་ཐོག།

རྣམ་རྟོག་ཐེ་རུ་མ་ཚོམ་དམ་ཞིག་བཅས།།

ཕན་ཚུན་དཔང་པོ་བཟང་པོས་དབྱེ་འབྱེད་ཅིག།

དེ་ནི་ཚད་མ་སྨྲ་བའི་ལུགས་རྒྱུན་ཞིག།


དཔྱད་གསུམ་ཚད་མ་རྣོན་པོས་གྲོས་ཤིག་བཏོན།།

ཚུལ་གསུམ་ཡང་དག་རལ་གྲིས་ཐག་ཅིག་བཅད།།

གྲོས་ཆོད་སེར་པོ་གསེར་གྱི་བཅུད་ཅིག་ལོན།།

    དེ་ནི་ཚད་མ་སྨྲ་བའི་དོད་པོ་ཞིག།


ཁེར་ཤག་གྲུ་བཞིའི་དཀྱིལ་དུ་ཙུག་པུར་སྡད།།

གོར་གྱི་མིག་ཟླུམ་དཔེ་ཐོག་ཧྲིག་ཏུ་བགྲད།།

བློ་འཛིན་དཔེ་ཆའི་པོད་ཁ་མཐོ་རུ་བརྩེགས།།

དེ་ནི་ཚད་མ་སྨྲ་བའི་འོས་འགན་ཞིག།


ཉིན་གཅིག་མ་ཡིན་མི་ལོ་བཅུ་ཕྲག་ལྷག།

ཐེངས་ཤིག་མ་ཡིན་འཚོཌ་ཐེངས་གྲངས་མེད་དེ།།

གྲང་ཆེན་གཞུ་མོ་རྒྱུན་འདྲའི་དཀའ་བ་འབུམ།།

དེ་ནི་ཚད་མ་སྨྲ་བའི་ཁུར་པོ་ཞིག།


མཁུར་ཚོས་གདོང་གི་དམར་ལོ་མག་མོག་གྱུར།།

ལུས་ཅན་ལང་ཚོའི་སྡོང་པོར་ནག་དྲེགས་ཆཌ།།

དཀའ་ཚེགས་བརྒྱ་ཁྲི་བརྒྱུད་པའི་ལམ་ཞིག་དོད།།

 དེ་ནི་ཚད་མ་སྨྲ་བའི་ལས་དབང་ཞིག།


མེས་ཆེན་མི་བོ་གཤེགས་པའི་གཤེན་དགོན་དུ།།

བཀའ་ལུང་བདེན་ཁ་བདར་བའི་ཉིང་བཅུད་དེ།།

མགོན་ཆེན་ལྷ་སྲུང་དགྱེས་པའི་མཆོད་སྤྲིན་ཕུལ།།

དེ་ནི་ཚད་མ་སྨྲ་བའི་དགེ་མཚན་ཞིག།

        སྤྱི་ལོ་༢༠༡༥/༧/༡༧/ཉིན་བྲིས།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.