སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38837


 
ཨ་འུ་དགེ་ལ་ཆས་པ།
[ 2015/8/8 7:15:00 | By: vase ]
 

          ཨ་འུ་དགེ་ལ་ཆས་པ།

                                       

                                                ཁྱུང་བསོད་བློ།

    ལང་ཚོའི་ཤ་འུ་མག་མོག་སེར་ནག་ཆགས།

   ན་སོ་ཡལ་ལོས་གཉེར་རིས་ཚོམ་བུར་དོད།།

 ཚེམས་དཀར་འགྲམ་ཁུཌ་སྐྱི་མོ་སུལ་བུས་བཀང་།།

    ཨ་འུ་དགེ་ལ་བསྐུལ་བའི་ན་ཚོད་སླེབས།།


    འབྱུང་བཞི་གཡོ་བས་པཌ་ཤུན་སེན་མོ་བཀས།།

   སྐྲ་འཇག་སེར་ལོ་ལས་དབང་རླུང་གིས་གཅོད།།

     སྡོང་རུས་ལྷུ་ལག་མི་རྟག་འགྱུར་བས་བཀུག།

      ཨ་འུ་ལག་འཁོར་སྒྲིལ་བའི་ཡུལ་དུ་བཅར།།

   

   བདེ་སྡུག་འཕར་མའི་སྐྱིད་ཀྱི་གར་སྟབས་ཞན།།

    ལབ་གླེང་རྣོན་པོའི་གཏམ་གྱི་ཁ་ལུ་འཁོབ།།

   གནམ་ལོ་དུ་མའི་གསོན་ལོའི་བསྟར་ཕྲེང་བརྒྱུད།།

          ཨ་འུ་ཉི་མ་འདེ་བའི་ན་ཚོད་སླེབས།།


 ཙན་དན་དཀར་པོའི་ཕྲེང་ཆུང་མཛུབ་མོས་བགྲངས།།

   སྦ་དབྱུག་དཀར་པོའི་ལག་འཁོར་ཤུཌ་སུ་བསྐོར།།

    འབྲུ་ཡི་སྙིང་པོ་མ་ཏྲི་དབྱངས་སུ་བཀྱོན།།

      ཨ་འུ་དགེ་ལ་ཆས་པའི་ནམ་ཟླ་འཆར།།


       འགྲོ་བའི་མ་ལོ་སྐུ་ཚེ་ཆུ་ལས་རིང་།།

      དྲིན་ཆེན་མ་ཡུམ་སྐུ་སྲོག་བྲག་ལས་སྲ།།

    ནད་མེད་བདེ་སྐྱིད་ཉི་མ་མཁའ་ནས་འཆར།།

  དགོས་རྒུ་བཟང་པོའི་དགའ་སྐྱིད་འཛོམས་པར་ཤོག།

སྤྱི་ལོ༢༠༡༥/༧/༣/ཕྱི་དྲོ་འདོད་རྒུ་གཡང་འཁྱིལ་ཁང་དུ་བྲིས།

     


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.