མངར་ཕྲེང་གི་སྟོན་མོ།
ཁྱུང་བསོད་བློ།
སྔོ་སང་སང་གི་ཨ་སྔོན་ཡངས་པོའི་འོག།
ཁྲ་ཚོམ་ཚོམ་གྱི་རས་གུར་གྲངས་མེད་ཅིག།
ཆབ་གངས་མཚོ་ཡི་གན་དུ་ཕུབ་པ་དེ།།
ལྷ་རྒྱལ་བྱིན་གྱི་འོད་གུར་འཕུར་མ་ཞིག།
འཇམ་མུ་མེད་ཀྱི་ནོར་འཛིན་སྒེག་མོའི་ཐང་།།
རྡུལ་སྙོག་མེད་ཀྱི་རྔུལ་ཆུ་གཙང་པོའི་འགྲམ།།
རླབས་ཆུ་རིས་ཀྱི་གཉེར་མའི་བང་མཛོད་དེ།།
ཀླུ་གཙུག་རིན་གྱི་གཏེར་ཁྱིམ་གྲུང་མ་ཞིག།
གངས་རི་མཚོ་ཡིས་མཐའ་ནས་བསྐོར་བའི་དཀྱིལ།།
གོས་དཀར་པོ་ཡིས་སྤུས་པའི་བུ་རྒོད་ལ།།
འབངས་ཀུན་པོ་ཡིས་གུས་གུས་བྱེད་པ་འདི།།
དབང་སྤྱི་དཔོན་དེ་དྲང་བདེན་ཡོད་པའི་རྟགས།།
མཛེས་རྟཌ་བརྒྱད་ཀྱི་གསེར་གུར་བུམ་ཚུཌ་ནང་།།
གཞུང་ཡི་དམ་གྱི་གཞལ་ཡས་རྟེན་ཁང་དྲུང་།།
སེར་ཆེམ་མེར་གྱི་ནོར་བུ་དམར་པོ་དེ།།
བསྟན་བསླབ་གསུམ་གྱི་གཤེན་སྡེའི་ཁྱུ་ཚོཌ་ཤིག།
འདྲིས་རྒྱང་རིང་གི་སྐུ་མགྲོན་རྣམ་པ་བསུས།།
སྙན་པི་ཝང་གི་རོལ་མོ་འཐེན་ཉིན་མོར།།
བྱ་ཁུ་ལོ་ཡི་དབྱངས་ཀྱི་མ་མ་དེ།།
སྲས་མཚོ་བྱུང་གི་སྒྲ་དབྱངས་རྒྱལ་མོ་འཁྲུངས།།
རྐང་རྡོག་འགྲིགས་ཀྱི་བྲོ་ར་ཁྲ་མོའི་ནང་།།
གོར་གཤང་ཆུང་དེ་ཕྱག་གིས་དཀྲོལ་ཉིན་མོར།།
རྔ་ཆུང་ཆུང་གི་ཏིང་ཏིང་སྙན་མོ་དེ།།
ཁྱུང་རལ་ཟ་མའི་སྐེད་པའི་སྟངས་སྟབས་ཤིག།
མཚོ་ཆེ་ཆུང་དེ་གཡས་གཡོན་མཆོད་པར་བཤམས།།
རྒྱ་ཡངས་པོ་ཡི་སྤང་ཐང་སྔོན་མོའི་དཀྱིལ།།
རྟ་ནོར་ལུག་གིས་རྩ་ཐང་བདལ་པ་དེ།།
ཐུད་དཀར་གསུམ་གྱིས་འཚོ་བ་འབེལ་རྟཌ་ཤིག།
སྤྱི་ཚེས་/༡༠/ཉིན་སྤུ་ཐོག་མཚོ་སྔོན་མོའི་ཟུར་དུ་/ཁྱུང་བསོད་བློ་/ནས་བྲིས།