སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
2627282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38847


 
བསམ་ཤེས་དགོས་རྒྱུ།
[ 2015/4/27 21:16:00 | By: vase ]
 

   

      

  བསམ་ཤེས་དགོས་རྒྱུ།

  

༼༡  རང་ཉིད་ལ་མྱོང་བ་མེད་ཀྱང་གཞན་གྱིས་ཧུར་བརྩོན་དུ་སྒྲུབ་བཞིན་པའི་བྱ་བ་ལ་དཀའ་ངལ་ཡོད་པ་ཁྱོད་ཀྱིས་ཚོར་ཤེས་དགོས།

༼༢ རང་ཉིད་ལ་དཀའ་ངལ་གྱིས་གུ་ཡངས་དགོས་པ་བཞིན་མི་གཞན་པར་སོས་དལ་དང་གུ་ཡངས་ཀྱི་འཚོ་བ་སྤྲད་ནས་རང་ཉིད་སྡོད་རྗེས་མི་ཤོང་ཐབས་ཀྱི་བསམ་བློ་སྒོ་འབྱེད་ཤེས་དགོས།

༼༣ ཁྱོད་ཀྱིས་གཟིཊ་དུས་སློབ་གྲྭ་བ་ཞིག་ལ་ཕྱི་ཡན་ལག་གི་འགུལ་སྤྱོད་དེ་ཙམ་མ་མཐོང་ཡང་ནང་བསམ་བློས་ནུས་ཤུགས་བཏོན་ནས་སློབ་ཚན་དང་བཅའ་གཞི་སྒྲིག་ཁྲིམས་ཡུན་རིང་དུ་བསྲུང་བ་ལ་དཀའ་ངལ་གྱི་ཁུར་པོ་ལྕི་པོ་ཡོད་པ་ཁྱོད་ཀྱི་ཤེས་རྟོགས་བྱ་དགོས།

༼༤  རང་ཉིད་ལ་འབྲེལ་འདྲིས་དེ་ཙམ་མེད་ཀྱང་མ་བརྟགས་མ་དཔྱད་གོང་ནས་གཞན་གྱི་ཟེར་སྒྲོས་ཙམ་ལ་ཁ་གཡར་ནས་བློ་ཅལ་འདྲོགས་ཀྱིས་མི་གཞན་ལ་བསྐུར་པ་འདེབས་མི་ཉན།

༼༥ རང་ཉིད་ཀྱིས་དཀའ་བ་བསགས་མ་ནུས་ཀྱང་གཞན་ཀྱིས་བྱ་བཞག་རླབས་ཆེན་བསྐྲུན་པ་ལ་ནམ་ཡང་ཡི་རང་ཞུ་རྒྱུ་ལས་ཕྲག་དོག་དང་ཟུར་ཟས་སྨོད་གཡམ་གཏོང་མི་ཉན།

   ༼༦   རང་ཉིད་ཁེར་རྐྱང་ཆས་པའི་ཉིན་ཞིག་ལར་སུ་ཞིག་གིས་མཐོང་གི་མི་འདུག་བསམ་བཞིན་ལྐོག་གཡོ་ངན་ཇུས་ཀྱི་བྱ་སྤྱོད་སྤེལ་མི་ཉན་ལ་མངོན་ལྐོག་ཐུབ་པའི་ལས་འབྲས་ལ་བརྩི་བསྲུང་ནན་པོ་བྱ་དགོས།

 ༼༧  སོ་སོ་རང་ཉིད་ཀྱི་བྱ་བ་གང་ཞིག་ཡིན་ཡང་འཇོན་པོ་རླབས་ཆེན་མཐོང་ཆེན་ཡིན་བསམ་བཞིན་ཡོད་རྒྱུ་རེད་དེ། གཞན་གྱིས་ནུས་ཚོད་ཐུབ་ཚོད་ཀྱི་བྱ་བ་སྒྲུབ་བཞིན་པ་ཚོ་ལ་བརྙས་བཅོས་དང་མཐོང་ཆུང་བྱེད་མི་ཉན།

༼༨ མཐོ་བའི་རྒྱལ་པོ་ཁྱོད་ལ་མཁོ་དགུ་ཡི་འདོད་ཡོན་ག་ཚད་འཛོམས་ཀྱང་ཁྱོད་ཚིམ་དུས་མི་འདུག་པས།  དམན་སའི་སྤྲང་པོ་དེ་ལ་འདོད་ཡོན་གྱི་དཀོར་ནོར་དེ་བས་ཀྱང་མཁོ་དགོས་ཆེ་བ་ཁྱོས་བསམ་ཤེས་དགོས།

༼༩ མི་རང་རང་སོ་སོས་མདུན་ལམ་དང་གལ་ཆེན་གྱི་དམིགས་ཡུལ་སྒྲུབ་སྐབས་བྱ་བ་སྣ་མང་གི་གསེང་ནས་དགའ་ཕྱོགས་འདོད་མོས་ཀྱི་རིགས་གཅིག་བྱ་བ་སྒྲུབ་པ་ལ་སུ་ཞིག་གིས་བཀག་འགོག་བཟོ་མི་ཉན།

              སླར།

      རང་ཤེད་ང་བོས་མཐོ་མཐོ་མ་ཡིན་ལ།།

 གཤེ་ཤེད་གཏོང་བའི་སྡིག་གཏམ་དེ་བས་མིན།།

    བསམ་ཤེས་སྣ་དགུ་མ་ཡི་གཏམ་ཐུང་ལ།།

 མཐོང་བའི་ལྟད་མོ་འདུག་ན་གཟིཊ་རོཊ་གྱིས།།

      བལྟ་བའི་ཡི་ག་མེད་ན་རྒྱབ་ཏུ་ཐོང་།།

     ༢༠༡༥/༤/༡༧/ཉིན་ཁྱུང་བསོད་བློ་ནས་བྲིས།

 


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.