སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དྲི་མས་སྒྲིབ་ན་བན་བོན་གཉིས་ཀ་མཉམ་སྒྲིབ་ཡིན།
[ 2015/4/6 7:59:00 | By: vase ]
 

     དྲི་མས་སྒྲིབ་ན་བན་བོན་གཉིས་ཀ་མཉམ་སྒྲིབ་ཡིན།


   ༧ ཡ་བན་སྡེ་དང་བོན་པོ་སུ་ཡིན་ཡང་ནང་པའི་གྲུབ་མཐའ་དང་གྲུབ་མཐའི་བར་ལབ་རྒྱུ་ཉུང་དུ་ཐོང་། ང་ཚོ་ཕན་ཚུན་སྨོད་རེས་མེད་པར་འདུག ད་ལྟའི་གཡུང་དྲུང་བོན་གྱི་བསྟན་པ་འདི་ནི་ནང་པ་སངས་རྒྱས་པའི་བསྟན་པ་ཡིན་དང་ཡིན་བཞིན་པ་ལྟར་བན་བོན་ཡོངས་ཀྱིས་ནང་པ་རུ་ཁས་ལེན་བཞིན་པ་རེད། གཞན་ཞིག་ནས་བཤད་ན། ཕྲག་དོག་གདོན་གྱིས་བཟི་ཁ་མཐོ་ལ་གཏི་མུག་ཤེལ་གྱི་རྒྱང་མཐོང་ནག་ལ་ཞེ་སྡང་སྦྲུལ་གྱིས་ངོ་མདོག་འགྱུར་བའི་བན་མི་ཁ་ཤས་ཀྱིས་གཡུང་དྲུང་བོན་བསྟན་འདི་ལ་གདོད་མའི་འཁྱལ་བོན་དང་བརྡོལ་བོན་སོགས་ཡོད་རེད་ཟེར་ཁྱོད་ཚོས་སྒྲོ་བཏཊ་མང་པོ་ཞིག་ལབ་ནས། གཡུང་དྲུང་བོན་གྱི་གྲུབ་མཐའི་རྒྱུད་འཛིན་ཚོ་ལ་བཙོག་ཏུ་ལྟ་མཁན་མང་པོ་སྲིད་བཞིན་པ་རེད། ང་ཚོའི་གནའ་མི་ཚོ་དེ་སྔོན་སང་རྗེས་ལ་ཕྱིར་ལྟས་ཐེངས་གཅིག་གྱིས་དང་། ད་ལྟའི་སངས་རྒྱས་ཤག་ཐུབ་ཀྱི་བསྟན་པ་འདི་ནི་བོད་དུ་དྲངས་ནས་མི་ལོ་གཅིག་སྟོང་སུམ་བརྒྱ་ལྷག་ཙམ་རང་རེད། ༧གཅིག་ནས་དེའི་སྔོན་ཆད་བོད་དུ་ཡོད་པའི་ང་ཚོ་བོད་མི་རིགས་ཚང་མས་བོན་ཆོས་ལ་སྤྱོད་ནས་ཚང་མ་བོན་པོ་ཤ་ཏག་རེད་མ་གཏོགས་སྐབས་དེ་དུས་བན་དེ་ཟེར་བའི་གཏམ་དེ་དང་བན་ཆོས་དང་ཐུབ་ཆོས་དེ་ཚོ་ནི་མཐོང་རྒྱུ་མེད་པའི་རི་བོང་རྭ་དང་། སྐྱེ་རྒྱུ་མེད་པའི་མོ་ཤམ་བུ་དང་གཅིག་མཚུངས་ཡིན་པ་ཁྱོད་རང་ཚོས་ཤེས་དགོས་རྒྱུ་རེད། ༧གཉིས་ནས་ད་ལྟའི་བན་གྱི་ས་ཆར་གནས་པའི་བོད་མི་ཚང་མས་གནའ་བོའི་དུས་སུ་བོན་གྱི་ནང་ཆོས་ལ་རྩ་བ་ནས་སྤྱོད་མྱོངས་མེད་ཅེས་ལབ་དགོས་ན་དཀའ་ལས་དེ་བས་ཆེ་རྒྱུ་ལས་གཞན་མ་མཆིས་སོ།།  ༧གསུམ་ནས་གལ་སྲིད་སྟོན་པ་གཤེན་གྱིས་ད་ལྟའི་གཡུང་དྲུང་བོན་འདི་སྲོལ་མ་གཏོད་པའི་གོང་དུ་བརྡོལ་འཁྱལ་བསྒྱུར་གསུམ་གྱི་བོན་ཞིག་རྟག་པ་མཐར་བཟུང་གི་བན་སྡེ་ཚོའི་ལྟ་བ་ངན་པས་ཇུས་བཞི་བཀོད་པ་ནང་ལྟར་ཡོད་པའི་དབང་དུ་བྱས་ན་ཡང་། དེའི་སྒྲིབ་པ་དང་དྲི་མས་གོས་རྒྱུ་ཡོད་ན། གདོད་མའི་དུས་དེར་ང་ཚོ་གངས་ཅན་ལྗོངས་ཀྱི་བོད་མི་རིགས་ཚང་མ་ལ་གོང་གི་བརྡོལ་འཁྱལ་བསྒྱུར་བོན་གྱི་སྒྲིབ་པས་མཉམ་དུ་གོས་ལ་དྲི་མ་མཉམ་དུ་ཐིམ་རྒྱུ་ཞིག་མ་གཏོགས་ད་ལྟའི་གཡུང་དྲུང་བོན་ལ་སྤྱོད་མཁན་གྱི་འབངས་མི་ཁེར་རུ་ལ་དྲི་མ་དེས་སྒྲིབ་སྡད་ཡོད་རེད་ཟེར་ན་རྩ་བ་ནས་རྣ་ལམ་དུ་མི་འགྲོ་བའི་གཏམ་ཞིག་རེད། དཔེར་ན་ཆང་རྫ་ཟངས་སྣོད་གཅིག་གི་ནང་ནས་ཆང་མཉམ་དུ་བཏུང་ད་དུང་བཏུང་ཚར་རྗེས་ངས་ཟངས་སྣོད་འདིའི་ནང་གི་ཆང་བཏུང་མྱོང་མེད་ཟེར་བ་དང་འདྲ་མཚུངས་རེད། ཡང་དེ་མིན་གཞན་རང་ལུགས་ཀྱི་ནང་པའི་སྲོལ་གཏོད་སྟོན་པ་ཤག་ཐུབ་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་ནང་བསྟན་འདི་ཡིས་སྐྱབས་འོག་ཏུ་ཚུད་ནས་སྔོན་གོང་གི་རྟག་པ་མཐའ་བཟུང་གི་བརྡོལ་འཁྱལ་སོགས་ཀྱི་བོན་ཆོས་ལ་སྤྱོད་མྱོང་བའི་གདོང་གི་དྲི་མ་ནག་པོ་དེ་ན་བུན་སྨུག་པ་རླུང་གིས་གཏོར་བ་ལྟར་དྭངས་སོང་བ་རེད་ལབ་རྒྱུ་ཡིན་ན། ནང་པ་སངས་རྒྱས་པ་གཡུང་དྲུང་བོན་ལ་སྤྱོད་མཁན་ཚོ་ཡང་དེ་དང་དེ་བཞིན་རང་ལུགས་ཀྱི་ནང་པའི་སྲོལ་གཏོད་སྟོན་པ་གཤེན་རབ་དེ་ཉིད་ཀྱི་ནང་བསྟན་འདི་ཡིས་སྐྱབས་འོག་ཏུ་ཚུད་ནས་གོང་གི་རྟག་པ་མཐའ་བཟུང་གི་ལྟ་བས་སྒྲོ་བཏགས་པའི་བརྡོལ་བསྒྱུར་འཁྱལ་བོན་ལ་སྤྱོད་མྱོང་བའི་གདོང་གི་དྲི་མ་ནག་པོ་དེ་གོང་དུ་ལབ་པ་བཞིན་ཁྱོད་ཚོ་ལས་སྔ་ཙམ་དྭངས་སོང་བ་ཡིན་རྒྱུ་རེད་མ་གཏོགས། ངོ་གདོང་ལ་མཉམ་དུ་སྒྲིབ་པའི་དྲི་མ་དེ་ཆུ་ཡིས་མཉམ་དུ་ཁྲུས་ན་ལ་ལའི་ངོ་གདོང་གི་དྲི་མ་ལ་གཙང་སེལ་བཟོས་ཀྱང་འདག་རྒྱུ་ཡོད་ལ་ལ་ལའི་ངོ་གདོང་ལ་ཆགས་པའི་དྲི་མ་ནག་པོ་གཙང་སེལ་བཟོས་ཀྱང་འདག་རྒྱུ་མེད་པའི་གནད་དོན་ནི་མ་ཡིན་ནོ། ༧བཞི་ནས་གཡུང་དྲུང་བོན་གྱི་ནང་བསྟན་འདི་ལ་བརྡོལ་འཁྱལ་བསྒྱུར་གསུམ་གྱི་བོན་གྱིས་ཡེ་གདོད་མ་ནས་བསླད་ཞུགས་མ་མྱོངས་ཏེ། ད་ལྟའི་བོན་གྱི་བཀའ་འཁོར་ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་གང་གི་ནང་དུ་ཡང་བརྡོལ་འཁྱལ་བསྒྱུར་བོན་གྱི་ཚིག་རྐང་གཅིག་གིས་ཟིན་མེད་པ་དེ་ནི་ང་ཚོ་སྤྱི་བོ་གནམ་སྟོན་རྐང་གཉིས་མི་བུ་ཡོངས་ཀྱིས་ཤེས་གསལ་རེད་དོ།། ད་རྩ་བའི་ཆ་ནས་གཞིག་ན་བོན་གྱི་བཀའ་བརྒྱད་ཁྲི་བཞི་སྟོང་། ཐེག་པ་རིམ་དགུ སྒོ་བཞི་མཛོད་ལྔ།   ཕྱི་ནང་གསང་གསུམ་གྱི་དཔེ་ཆ་རི་བོ་ལས་མཐོ་ལ་རྒྱ་མཚོ་ལས་ཆེ་ཞིག་འཁྱིལ་དང་འཁྱིལ་བཞིན་ཡོད་རེད་ལ་ཐང་ཆེན་དང་ཡུལ་ཆེན་བཀང་སྡད་ཡོད་རེད་བདེན་དཔང་དང་གསལ་བཤད་དེ་ཚོ་ལས་ལྷག་པ་གཞན་མི་དགོས་ཀྱང་།    ༧བསམ་ཚུལ་ཐོར་བུ་འདི་ནི་ཆོས་མགོ་བོན་ལ་ཐུག ཆུ་མགོ་གངས་ལ་ཐུག་པའི་མ་ཡུམ་ནང་བསྟན་སློབ་གཉེར་བ་ཞིག་གིས་ནང་ཆས་ཤ་རུས་བོན་ནས་གྱེས་ལ་ཕྱི་ཆས་རྒྱན་ཆ་བན་དུ་འདོགས་པའི་མི་བུ་ཚོའི་སྤྱན་སྔར་དུ་བཤམས་པ་ཡིན་ནོ།།  

སྤྱི་ལོ་༢༠༡༥-༡-༢༦-ཉིན་རྒྱལ་ཁམས་རིག་སྨྲ་བ་

                      ཁྱུང་གི་མེ་ལྕེ་ནས་བྲིས།



 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.