སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གསེར་གྱི་སྒྲོན་མེ། 
[ 2015/4/6 7:34:00 | By: vase ]
 

      གསེར་གྱི་སྒྲོན་མེ།


   

   མཁོ་དགུ་བརྒྱ་ལོ་དམར་པོས་ཆིབས་བསུ་མི་དགོས།།

   སྐུ་གསུང་ཐུཊ་གསུམ་མཇལ་དུས་སྐུ་ཡོན་མི་དགོས།།

     ནམ་ཡང་གྲྭ་རྐྱང་ཞིག་གིས་ཚུཊ་ཀ་འཆང་བའི།།

      ཆོག་ཤེས་བླ་མའི་མིག་དཔེ་ཁྱེད་ཉིད་འོས་སོ།།


   གཤེན་ཡུལ་ཀུན་སྨོན་མཁའ་སྤྱོད་དག་པའི་གླིང་ནས།།

     གཤེན་གྱི་གོས་དྲུག་ན་བཟའ་མཛེས་སུ་བརྒྱན་ལ།།

གྱེར་བསྟན་བསྲུང་བའི་གཤེན་དམག་ཧྲག་ཏུ་བསྐོས་ནས།།

    གཤེན་སྡེ་སྟོང་གི་དབུས་སུ་ཆིབས་བསྒྱུར་མཛད་འདུག།


      བོན་སྦྱིན་གཏོང་ལ་ཕུ་དུང་ཤུཊ་ཀྱིས་བརྫེས་ཏེ།།

    བསྟན་སྙིང་བསླབ་གསུམ་སྐེད་རཊ་དམ་དུ་བཅིང་ལ།།

     བསྟན་དོན་ཕྲག་གི་ཁུར་པོ་སྟོད་དུ་གསིག་བཞིན།།

      བསྟན་པ་འཛིན་ལ་དཀའ་ཚེཊ་ཡེ་ནས་མེད་དོ།།

    

     འགྲོ་དོན་ཕྱོཊ་བཅུར་ཁྱབ་པའི་དུས་ཀྱི་སྟོན་པ།།

     བསྟན་འཛིན་བླ་རུ་འཕཊ་པའི་བླ་ཆེན་ཁྱེད་ནི།།

    བསྟན་དོན་མཛད་འཕྲིན་སྐྱོང་ལ་ངལ་དུབ་མེད་སྟེ།།

  དཀར་ནག་གདུལ་བྱའི་དེད་དཔོན་ཁྱེད་འདྲ་དཀོན་ནོ།།

  

     བཀའ་དྲིན་བླ་ན་མེད་པའི་སྤྱི་གཙུག་ཁྱེད་ཅག།

     བུ་སློབ་སྐར་ཆུང་བདག་གིས་ནམ་ཡང་གུས་ཏེ།།

      དད་པའི་ཕྱག་གི་སོར་མོ་བཤིག་ཏུ་མེད་པར།།

     དཔོན་གསས་བླ་མ་ཁྱེད་ལ་ཤུཊ་སུ་འདུད་དོ།།

    

    མགོན་ཆེན་ཐུཊ་རྗེའི་མངའ་བདག་གླིང་བཞི་ཉི་མ།།

     ཚེས་ཆེན་བཅོ་ལྔའི་ཟླ་བ་གཟིམ་དུ་མེད་པར།།

དབྱིངས་ཆེན་ཀློང་ཡངས་དགུང་ནས་ནམ་ཡང་སྒྲིབ་མེད།།

ཐང་ཆེན་དམངས་ཀྱི་སྡུག་བསྔལ་བསལ་བཞིན་བསལ་ལོ།།


     གཟིཊ་ཕྱོཊ་རིས་སུ་མེད་པའི་ཐབས་ཀྱིས་ཕྱུག་ལ།།

     དགོངས་ཕྱོཊ་རྒྱ་རུ་མ་ཆད་ཤེས་རབ་ཆེན་པོས།།

     འཁོར་སྨག་རྨིང་མེད་གསལ་བའི་གསེར་གྱི་སྒྲོན་མེ།།

       སེར་ཆེན་མཐོན་པོའི་ཁྲི་རུ་ནམ་ཡང་གསལ་ལོ།།


       གསེར་ཞལ་ཞི་ཚུཊ་དོད་པའི་བདག་གི་བླ་མ།།

    འགྲོ་ཀུན་བདེ་བ་བསྐྲུན་པའི་བརྩེ་ཆེན་མངའ་བདག།

   ཁམས་གསུམ་བདེ་སྡུག་གཟིཊ་པའི་བྱམས་ཀྱི་མ་ལོ།།

  གེཊ་མེད་གཡུང་དྲུང་སྲུང་མས་སྡོང་གྲོགས་མཛོད་ཅིག།

 

       སློབ་ཚོགས་བྱེ་བ་ས་ཡའི་སློབ་དཔོན་ཁྱེད་ནི།།

     རབ་འབྱམས་རིག་པ་འབྱུང་བའི་ཕ་ས་ཆེན་མོར།།

    མ་ཡུམ་བསྟན་གླིང་གཤེན་དགོན་ཁྲ་མོའི་དཀྱིལ་གྱི།།

     གསེར་ཆེན་སེར་པོའི་ཁྲི་རུ་རྟག་ཏུ་བཞུགས་མཛོད།།

༢༠༡༥-༡-༡༥--ཁྱུང་བསོད་བློ་--འམ--ཁྱུང་གི་མེ་ལྕེ་ནས།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.