སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
2627282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38848


 
བྱིན་ཅན་གྱི་པོད་དང་ཀ་ཁ། 
[ 2015/4/6 7:21:00 | By: vase ]
 

   

  བྱིན་ཅན་གྱི་པོད་དང་ཀ་ཁ།

 

                            

      མཛེས་གནའ་རྙིང་གི་དཔེ་བརྩེགས་མཐོ་ལ།

     རོགས་འཆམ་མཐུན་གྱི་ལྷིང་འཇགས་ཁྲོད་དུ།།

     སྤུས་དག་བཞེངས་ཀྱི་བཀའ་བརྟེན་བཟང་པོ།།

     གསེར་ཞུན་མ་ལས་རང་མདངས་གསལ་ལོ།།

    

    ཚིག་སྣག་ཆུང་གི་དབྱངས་གསལ་རྒད་པོ།།

    ཉམས་དཔྱོད་རིམ་དུ་གནའ་དྲི་ཇེ་ཞིམ།།

      ཚོད་དཔག་རིམ་དུ་རྒྱལ་ཁ་མཐོ་བས།།

      བདེན་ཕུགས་རིང་གི་དན་རྟགས་ཆེའོ།།


          རིགས་སྣ་བརྒྱ་ཡི་སྐད་ཡིག་བྱེ་བ།།

        ཕུགས་མི་གཅིག་ལ་སྲོལ་གཏོད་རེ་རེ།།

        ང་ཁྱོད་དང་ཕྱེས་ལབ་གླེང་མང་ཡང་།།

  གཤེན་དབྱངས་གསལ་ལས་སྔ་ཙམ་མ་འཁྲུངས།།


          བརྗོད་སྟབས་བདེ་ཡི་བྱང་ཆ་དོད་པོ།།

      སྲིད་སྣོད་བཅུད་ཀུན་བརྗོད་བྱར་འུབ་ཆུད།།

         དོན་ཐ་སྙད་ཀྱི་གཏན་ཚིགས་རྣོ་ལ།།

       ནད་སྦྲག་སྐད་ཀྱིས་རྡུལ་ཙམ་མ་གོས།།

 

     གནམ་ས་འཁྲུགས་ཀྱི་འགྱུར་ལྡོག་རྒོད་ཀྱང་།།

       དབྱངས་རླབས་སྒྲ་ཡི་ངག་རྒྱུན་མ་ཆད།།

          གནའ་སྲོལ་སྐད་ཀྱི་གྲེ་བ་མ་འགག།

        དུས་ཉེར་གཅིག་འདིར་སྔར་ལས་གྲགས་སོ།།


         དཀར་ཐར་ཐོར་གྱི་ཞལ་ཚེམས་སྦུག་དང་།།

            གཞི་བརྟན་རླིང་གི་ཡ་ཆུང་དཀྱིལ་དུ།།

           གཤེན་ཀ་ཁ་ཡི་སྒྲ་གདངས་བཅུག་ནས།།

          གནད་དུས་བཟང་ལ་ཏག་ཏག་བཏོན་སོང་།།

   

         བཀའ་བྱིན་ཅན་འགའ་མེ་བསྲེཊ་ཆུ་གཡུག།

       རྟེན་འགངས་ཅན་རེ་བརྡུང་གཏུབ་འཕྲོག་བཅོམ།།

         དབུ་སྣུམ་ཆེན་འགའ་མགོ་རྟིང་ལོག་ཀྱང་།།

            དབྱངས་གསལ་བྱེད་ཀྱི་མཚོ་མོ་མ་སྐམ།།


          སྲོལ་བརྡ་རྙིང་གི་ཟུངས་ཁྲག་མ་ཉམས།།

           སྲོག་སྒྲ་གདངས་ཀྱི་དྲི་མ་མ་ཡལ།།

           གདོན་དུག་ལྔ་ཡི་ཆབ་ཀྱིས་མ་ནེམ།།

          ཡེ་གདོད་མ་ནས་གཙང་མ་གཙང་རྐྱང་།།


           གཏོ་བཀའ་སྒྲོམ་གྱི་འབྲུ་ལྔའི་ས་བོན།།

        གསེར་སྤར་གང་གི་ལྗང་སྨྱུག་སུམ་བཅུར།།

         གསུང་བྱིན་ཅན་གྱི་འབྲུ་ཡིག་རྡོལ་ནས།།

        བཀའ་བརྒྱད་ཁྲི་ཡི་གཏེར་ཁ་འཁྲུངས་སོ།།


           རིཊ་རུས་འཛིན་གྱི་སྐད་དང་ཡི་གེ།

       ཁྲེལ་སྨོད་གཡམ་དུ་ཁྲོག་བརླག་གཏོང་ནས།།

          ཡིད་ཞེ་ལོག་གིས་སྣ་གཉེར་མ་བསྒྲད།།

       དབྱངས་གསལ་བྱེད་འདི་བེད་སྤྱོད་བྱེད་དགོས།།


            ལྷོ་འཛམ་གླིང་གི་ཤེས་རིག་ས་བོན།།

          མཛེས་བཅུ་རིག་གི་ཡལ་གའི་མེ་ཏོག།

         ལྗོན་དཔག་བསམ་ལ་བཀྲ་དང་མི་བཀྲ།།

          བྱིན་གནའ་རྙིང་གི་ཀ་ཁ་འཛོམས་མིན།།


         གནས་ལྔ་རིག་གླིང་མཁས་བརྒྱས་བགྲོ་དུས།།

         ལེཊ་སྦྱང་འབྲས་ཀྱི་གསེར་གྱི་རྟགས་མ།།

              རབ་རྒྱལ་ཁ་དེ་ལོན་དང་མི་ལོན།།

         དབྱངས་གསལ་བྱེད་ཀྱི་ལྡེམ་མྱུར་ཐོན་མིན།།


         གསུང་བྱིན་ཅན་གྱི་དབུ་འཕང་མཐོན་པོ།།

        གནས་གངས་ཅན་དུ་ཀ་ཁའི་པོད་བརྩེགས།།

           སུས་འགྲན་མེད་ཀྱི་རྒྱལ་ཁ་འདོད་ན།།

      དབྱངས་སུམ་ཅུ་འདིས་རྨིང་གཞི་བརྩེག་དགོས།།


         རིཊ་མི་གཅིག་པའི་རུས་ལས་མ་འཁྲུངས།།

            ཕྱིས་ཐོན་མི་ཡིས་རྐན་ལས་མ་གྲུབ།།

              ཕ་མེས་པོ་ཡི་གཤེན་སྐད་དག་མ།།

          གཤེན་འོལ་གླིང་ནས་སྔ་ཙམ་བསུས་སོ།།


          ལོ་ཁྲི་གོང་གི་དབྱངས་གསལ་ཁྱིམ་གྱི།།

          ཕ་རྒད་པོ་ཡི་པོད་ཆེན་བཀའ་སྒྲོམ།།

         བུ་སྣབས་ལུག་གིས་སྲོལ་གཏོད་འདོད་ན།།

         ལས་རྒྱུ་འབྲས་འདི་འགོ་མཇུག་ལོག་ཉེན།།    

    ༢༠༡༥-༣-༢༨-ཉིན་ཁྱུང་བསོད་བློ་ནས་བྲིས་སོ།།

     

  


       


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.