སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཡོངས་འཛིན་བླ་མ་དྲན་བྱུང་།
[ 2015/3/7 17:43:00 | By: vase ]
 

               ཡོངས་འཛིན་བླ་མ་དྲན་བྱུང་།

                                     

                                        

  འོལ་གླིང་འཕཊ་པ་ཆེན་པོ་སངས་རྒྱས་ཀྱི་བསྟན་འཛིན།།

  ཀུན་གླིང་མཁས་པ་ཆེན་པོ་ཚུལ་ཁྲིམས་ཀྱི་རྒྱལ་མཚན།།

     འཛམ་གླིང་བླ་མ་ཁྱེད་ཀྱི་ཤེས་རིག་གི་རྒྱ་མཚོའི།།

 ཆུ་མགོ་གངས་ལ་གཏུག་ས་རྣམ་གཉིས་དང་ཁྱེད་མཁྱེན།།


  རིན་ཆེན་གཏེར་ཁ་གང་བའི་ཤེས་བྱ་ཡི་རིག་མཛོད།།

    བཅུ་རིག་རྒྱ་མཚོ་གཤག་ལ་རིག་རྒོད་ཀྱི་གྲུ་པ།།

   མདོ་སྔཊ་སེམས་ཀྱི་པོད་ཀ་མཐོ་མཐོ་ཞིག་བརྩིཊ་ལ།།

  ཤེས་བྱའི་གནམ་འཕང་བསྐྱོད་ནས་གངས་ལ་དེ་བརྒལ་སོང་།།


  གཤེན་རྔ་སྟོང་རི་ཆེམ་པ་མཐོ་མཐོ་ནས་ཕྱར་བཞིན།།

གཤང་ཆེན་ཁྲི་ལོ་གནམ་གྲཊ་ཨམ་ཕྲག་ནང་བཅུག་ལ།།

 གསུང་ཆེན་འཕར་པོ་འཕར་ཆུང་ཞལ་ཚེམས་སྦུག་སྐུང་ནས།།

སྐུ་སྲོག་འབན་དུ་བཙུཊ་ནས་བསྟན་དོན་དུ་རེམས་སིག།


  གཡུང་དྲུང་བསྟན་པའི་སྒོ་བཞི་མཛོད་ལྔ་ཡི་གདུང་ཆེན།།

    བླ་ཆེན་རྒྱལ་བ་གཉིས་པའི་ཕ་ཁྱིམ་གྱི་ཀ་ཆེན།།

   ས་ཆེན་བླ་མ་ཁྱེད་ནི་གཤེན་བསྟན་གྱི་བདག་པོ།།

མཐུ་ཆེན་བསྟན་སྲུང་མ་བདུད་བཙན་གསུམ་གྱིས་བསྐོས་སོ།།

     

གནམ་པཊ་ས་ལ་ལྷུང་བའི་རླུང་དམར་དེ་འཚུབས་དུས།།

མཐོ་འགྱིང་ལྟག་བསྒྱེའི་དཔོན་ལ་ཡར་ཞུ་ཞིག་མ་ཕོད།།

 དབང་མེད་ཡུལ་པའི་སྡེ་ཚོར་ནང་གཏམ་ཞིག་ག་ལ།།

 ཁ་སོ་ཤུཊ་ཀྱིས་སྡོམ་བཞིན་བསྟན་དོན་དུ་ཆས་སིག།


 གསུང་རྟེན་བྱིན་ཅན་ནོར་བུའི་ཁུར་ཆེན་ཞིག་བཅས་ལ།།

སུལ་ཅན་ན་བཟའི་ཤམ་ཐབས་མཐོ་བཅིང་ཙམ་བྱས་ནས།།

 ས་མཚམས་མདའ་བཙན་མདུང་གི་སོ་པ་ཡི་གསེབ་ནས།།

སག་སིག་རྡིག་སྒྲ་མ་ཕོད་འཇམ་ཐེངས་ཐེངས་ཕེབས་སོང་།


           ཕྱི་གླིང་ཨེ་ཤ་ཡ་ཡི་རི་ཆེན་གྱི་ཐང་དུ།།

   བསྟན་སྙིང་ནོར་བུའི་ཁུར་པོ་ལྷོད་ལྷོད་དུ་སར་ཕབ།།

 དཔལ་མགོན་དགྱེས་པའི་ས་ཡོན་གསེར་སྐྱེམ་ཞིག་རྒྱས་མཆོད།།

  ས་མིག་ནོར་བུའི་དཀྱིལ་དུ་སྨན་རིའི་གླིང་བཏབ་བོ།།


   རབ་འབྱམས་རིག་པ་འབུམ་གྱི་ལུང་རིག་གི་ཆུ་མགོ།

   ཐོས་བསམ་སློབ་གཉེར་བྱེ་བའི་བྱམས་སྐྱོང་གི་མ་མ།།

  རྒྱལ་བ་སྨན་རིའི་ཚང་གི་ཁྲི་འཛིན་གྱི་དཔོན་སློབ།།

བོན་ཕྲུག་བྱེ་བའི་མགོན་དུ་བསྐལ་བརྒྱའི་བར་བཞུཊ་རོཊ།།

༢༠༡༥-༣-༦-ཉིན་སྨྲ་སེང་སྒྲུབ་བའི་འཚོཊ་གྲོལ་མ་ཐག་རང་ཤག་སྐྱིད་འཛོམས་ཁང་དུ་མཁར་པ་བསོད་ནམས་བློ་གྲོས་ནས་བྲིས་སོ།།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.