སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 39986


 
རུས་ཕུང་གི་རྫོབ་ཅན་ང་།
[ 2015/3/7 17:41:00 | By: vase ]
 

               རུས་ཕུང་གི་རྫོབ་ཅན་ང་།

 

           གསོན་པཊ་སྐྱི་གསེབ་བ་སྤུ་རེ་རེའི་ཟུར།།

           དམར་ཆུང་དྲན་པའི་རྩ་ཡི་རྐང་རྩ་ཟུག།

            ཡན་ལག་རྐང་བཞི་ཅན་གྱི་ཤ་ཚུཊ་ལ།།

         ཡིད་གཏད་བཅོལ་དུས་སྐྱི་ཤ་ཟེངས་སེ་ཟེང་།།

    

       ཡན་ལག་གཟུཊ་བཞིས་ལུས་ཟུངས་མི་ཐེག་པའི།།

         འདེཊ་བྱེད་དབང་ལག་གུག་ཏུ་འགུག་ཉིན་མོར།།

          རུས་རྐང་སྒྱིད་པའི་ལྷུ་ལ་ཡིད་ཐང་ཆད།།  

      འདོམ་གང་གདོས་བཅས་གཟུཊ་ལ་ཞེ་གཏིང་ལོག།


        མུན་སྨག་སྒྲིབ་པའི་བག་ཆཊ་ཤུན་སྐོགས་འཐུག།

        ནག་ཉེས་འདམ་གྱི་སྲིད་པའི་གདོས་ཐག་རིང་།།

        བདེན་མེད་ལྟ་བའི་ཏིང་འཛིན་མ་གསལ་བས།།

         མི་འདོད་རྣམ་སྨིན་སྡུག་གི་བདེན་འཛིན་རཊ།།


         འདྲེན་བྱེད་ཕྲ་མཐོང་རྒྱང་མིག་ལན་ཀ་ཞན།།

      གསོ་བྱེད་ཀུན་ཕན་དགེ་བའི་སེམས་བསྐྱེད་ཆུང་།།

     རང་འདོད་རྟོག་བཟོས་བསླད་པའི་ཅོལ་ཆུང་ངའི།།

       ཞེ་འདོད་བསམ་བློ་མཁྲེགས་པོ་དོར་དུ་དཀའ།།


      བཙུན་ཕྲུག་ཁེར་རྐྱང་དགེ་བྱེད་རི་ལ་ཆས།།

     སྒོ་གསུམ་ཤུཊ་ཆེར་གནས་བསྐོར་བསྐྱོད་ཉིན་མོར།།

        རུས་ཕུང་རྫོབ་ཆེན་བཟི་བའི་གཟེར་ཟུག་ཆེ།།

       གསོན་པཊ་འདི་ལ་ལྟ་འདོད་ཡེ་ནས་བྲལ།།   

     

         གྱེན་དུ་འགྲེང་བའི་རྫ་རྒོད་རི་ནས་བསྐྱོད།།

  གཡང་དུ་གཟར་བའི་བྲག་འཕྲང་དབལ་རོང་བརྒྱུད།།

     ངོས་སུ་ཡངས་པའི་ནོར་འཛིན་སྒེག་མོའི་ཐང་།།

         བེམ་ཁོག་འདི་ལ་ཨ་ཐང་ཐེང་དགུ་ཆད།།

          ༢༠༡༥-༡-༡-ཁྱུང་བསོད་བློ་ནས།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.