སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38831


 
འདས་ཟིན་པའི་ཨ་མྱེ་དྲན་པ།
[ 2015/3/7 17:39:00 | By: vase ]
 

              འདས་ཟིན་པའི་ཨ་མྱེ་དྲན་པ།


        བྱིས་པའི་གསོན་ཤུཊ་རྒྱས་སའི་སྒོ་ཁར་དང་།།

       གཉོམ་པོས་ངུ་ངག་འཐེན་སའི་གྱང་ཁུག་སྟེ།།

         ཁྱུང་ནག་མཁར་པ་ཚང་གི་ཉིན་ཁུག་གི།

          བྱིས་དུས་ལང་ཚོའི་ཁྲོད་ཀྱི་ཨ་མྱེ་དྲན།།


        ཀ་ཁའི་དབྱངས་རྟ་ཞོན་སའི་ཉིན་ཁུག་དང་།།

       མར་ཐུད་པུ་ལུ་བརྙབས་སའི་རྩམ་ཁུག་གཉིས།།

         གྲྭ་རྐྱང་བདག་གི་མིག་ངོར་དེ་རིང་འཕྲད།།

        དྲིན་ཆེན་ཨ་མྱེ་འདས་པ་ཐེངས་གཅིག་དྲན།།


           ཐབ་ལྷ་སྔ་ཙམ་འཁོར་སའི་སྒྱེ་པུ་དང་།།

       རིམ་པའི་ཐབ་དྲེག་ཆཊ་པའི་ཇ་དམ་གཉིས།།

           གྲྭ་རྐྱང་བདག་གི་མིག་ངོར་དེ་རིང་འཆར།།

           དྲིན་ཆེན་ཨ་མྱེ་ཟུང་གི་ཞོགས་ཇ་དྲན།།


           སྲ་བརྟན་ནག་དྲེག་ཅན་གྱི་ཀ་བ་དང་།།

          ཕྱི་ཆུང་ནང་ནག་ཅན་གྱི་སྒོ་ཆུང་གཉིས།།

         དེ་རིང་བདག་གི་ཟུར་དུ་སླེབས་ཉིན་མོར།།

         དྲིན་ཆེན་ཨ་མྱེ་འདས་པའི་ཁ་བརྡ་དྲན།།      


      བཟང་དགུ་བཅུད་ལྡན་ཟས་ཀྱིས་ཅོག་རྩེ་གང་།།

     སྣ་དགུ་བཏུང་བྱ་མངར་ཆུས་མདུན་ཁྱིམ་བཀང་།།

     བཟའ་བཏུང་ཕུན་ཚོགས་གྲལ་དུ་བཀོད་ཉིན་མོར།།

       ཨ་མྱེས་གསོག་འཇོགས་ཟས་ཀྱི་འཚོ་བ་དྲན།།


           སྤྱི་ཚོཊ་མི་ཡི་གསེང་དུ་འདྲེས་པ་དང་།།

        མདུན་ཕྱོཊ་ཐར་པའི་གསེབ་ཏུ་འཁོད་པ་གཉིས།།

        དགའ་ཕྱོཊ་ལམ་གྱི་བཞི་མདོ་མ་འཆུག་པ།།

         འདས་ཕྱོཊ་ཨ་མྱེ་རྒད་པོའི་བཀའ་དྲིན་དྲན།།

      

           བུ་ཚའི་ཕྱོགས་སུ་ཕྱིར་ལྟས་ཞེ་མ་ཆཊ།།

          ཐར་ཕྱོཊ་ཞི་བའི་ལམ་ནས་ཆས་སུ་སོང་།།

           ཐ་མལ་སྣང་ཞེན་དེ་ལ་བློ་མ་འཁོར།།

      སྣོད་བཅུད་དག་སྣང་སྦྱང་བཞིན་མཐོ་རུ་ལྟོས།།


           ཕ་མར་མ་གྱུར་མེད་པའི་འགྲོ་ཀུན་སོཊ།།

          སྔ་རབས་འདས་པའི་ཨ་མྱེ་རྒད་པོའི་རྗེས།།

        བདག་གིས་ཤུཊ་ཀྱིས་བསྐུལ་བའི་རྣམ་དཀར་གྱི།།

        དགེ་བ་མཆིས་ཚད་ཁྱོད་ཚོར་འཕངས་མེད་བསྔོ།།

            ༢༠༡༥-༢-༢༣-ཁྱུང་བསོད་བློ་ནས།

     


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.