སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38499


 
གྲྭ་རྐྱང་གི་ལོ་གསར།
[ 2015/3/7 17:30:00 | By: vase ]
 

                   གྲྭ་རྐྱང་གི་ལོ་གསར།


     ཅང་ཤེས་རྟ་ཕོའི་འཚེར་སྐད་རྒྱང་ནས་ཆས།།

  གཡང་དཀར་ལུག་ཁྱུས་འབའ་སྐད་ཉེ་རུ་གཏོང་།།

       ལུས་ངག་ཡིད་གསུམ་ལྷས་ཀྱི་གླིང་ཁ་རུ།།

 ལྷོད་བབས་བདེ་ཐང་འཛོམས་པའི་ལོ་གསར་བསུ།།

       

     ཕྱུག་པོ་འདྲ་ལའི་རྒྱས་སྤྲོས་བྱེད་བསམ་མེད།།

  སྤྲང་པོ་འདྲ་ལའི་འབྱོར་བས་སྟོངས་བསམ་མེད།།  

   བཟའ་བཏུང་མངར་ཆུ་རང་ལ་རན་ཚོད་བསྒྲིཊ།།

    གྲྭ་རྐྱང་བདག་གི་ལོ་གསར་འདི་ཙམ་ཡིན།།


     ཡར་ཀའི་ལྷ་དང་སྲུང་མས་མཆོད་རོཊ་ཀྱིས།།

      མར་ཀའི་འདྲེ་དང་གླུད་ལ་བསྔོ་རོཊ་ཀྱིས།།

    བར་གྱི་སྤུན་གྲོཊ་རྣམ་པས་བཞེས་རོཊ་ཀྱིས།།

    དགའ་ཉེ་སྤུན་གྱི་གྲོགས་ཚོ་ཕེབས་རོཊ་ཀྱིས།།

      

      བཏུང་ན་བྲང་གི་ཕོ་མཆིན་སྙུང་ས་མེད།།

        མྱིད་པ་གྲེ་སྲིན་མགོ་ལ་ཕོག་ས་མེད།།

       ཤ་རོ་རྙིང་པའི་སྒྱུ་ལྷག་སྐྱེ་དོགས་མེད།།

  དགའ་བའི་ཐལ་མོ་བརྡབ་བཞིན་ལོ་གསར་བསུ།།

  

       བརྩེ་དུང་ཟེར་བའི་མདུད་པ་མ་རྒྱབ་པས།།

      ལས་དབང་ཟེར་བའི་གཏམ་གླེང་ག་ལ་ཕོད།།

        ཟློས་གར་འཁྲབ་པའི་བྱང་ཆ་མ་ཆེ་ཡང་།།

     སྐྱིད་པའི་རྡོག་བྲོ་འཁྲབ་བཞིན་ལོ་གསར་བསུ།།

    

       ཆུང་དུས་དགའ་བའི་ཟུར་མིག་མ་འཕང་ལ།།

          ཆེ་དུས་སྡུག་གི་ཟིང་ཆ་དེ་བས་མེད།།

       རང་ལུས་ཤོང་སའི་རང་ཤག་གྲུ་བཞིའི་ནང་།།

      སྣང་བས་རྒྱང་གླུ་ལེན་བཞིན་ལོ་གསར་བསུ།།


       བཀྲིས་གསེར་གྱི་ཉི་མ་འཆར་ཁ་ཡང་།།

      བདེ་ལེགས་དུང་གི་ཟླ་བ་ལན་ཀ་གསལ།།

    ཕུན་སུམ་ཚོཊ་པའི་གཟའ་སྐར་ཚེས་བཟང་འཛོམས།།

 གནམ་ས་དགོད་སྒྲས་ཁེངས་བཞིན་ལོ་གསར་བསུ།།


སྤྱི་ལོ-༢༠༡༥-༢-༡༩-ལོ་གསར་ཚེས་གཅིག་ཉིན་ཁྱུང་བསོད་བློ་འམ་མཁར་པ་བསོད་ནམས་བློ་གྲོས་ནས་བྲིས་སོ།།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.