སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གདུང་ཚོར་ནག་པོ་བཀླགས་པའི་རྟོག་འཆར།
[ 2014/8/24 7:52:00 | By: vase ]
 

 
      

         གདུང་ཚོར་ནག་པོ་བཀླགས་པའི་རྟོག་འཆར།

རྒྱལ་གཤེན་དགྱེས་པའི་མཚན་དཔེའི་བཟང་ཚོཊ་ཕ་རྒོད་རྟོཊ་བརྗོད་འདིའི་ནང་གྱེར།།
རྒྱལ་གཤེན་མི་བོའི་རྗེས་འཇུག་བུ་ལ་རྗེས་བཞག་པོད་ཆེན་འདིའི་ནང་བགྲངས།།
རྒྱལ་རབས་རིམ་པས་རྒྱལ་ས་ཤོར་བའི་ནག་ཉེས་སྐྱོན་ཡོན་འདིའི་ནང་ཡོད།།
རྒྱལ་རབས་བསྟན་འབྱུང་ཏག་ཏག་གཟིཊ་པའི་སེམས་ཀྱི་ཚོར་རླབས་འདིའི་ནང་ཡོད།།

ཀ་སྨད་སུམ་བཅུ་སོ་གྲལ་མཛེས་ཏེ་དབྱངས་གསལ་ཚེམ་ཕྲེང་འདིའི་ནང་ཡོད།།
གདོང་ལྔའི་ཁྲི་ལ་གཅན་ལྔས་བཏེགས་པའི་སྔགས་བརྗོད་མེ་ཏོག་འདིའི་ནང་ཡོད།།
ཚོར་འདུ་རྒོད་པོའི་ཀློང་ནས་འཕྱུར་བའི་ཚོར་བའི་རྦ་རླབས་འདིའི་ནང་བསྒྲོགས།།
སྐྱེ་འཆི་ནག་པོས་གདུང་བ་མ་བརྗེད་མི་རྟག་དྲན་བསྐུལ་འདིའི་ནང་སྐྱེས།།

བསླབ་གསུམ་རྨ་མེད་གྲྭ་རྐྱང་འཚོ་བའི་གཏན་གྱི་ཁ་ཕྱོགས་འདིའི་ནང་ཡོད།།
ཚུལ་གསུམ་ཚད་མའི་རྟོག་གེའི་བུ་ཡིས་རིག་པའི་གར་སྟབས་འདིའི་ནང་འགྱིང་།།
དགག་སྒྲུབ་མཁས་པའི་གནམ་ལྕཊ་ཐོག་གིས་འཆད་རྩོད་ཐལ་སྒྲ་འདིའི་ནང་གྲཊ།།
སྟོང་ཉིད་དགའ་བའི་རྒད་པོ་ཞིག་གི་སྟོང་གསལ་ཉམས་སྣང་འདིའི་ནང་ཡོད།།

ཟུངས་ཁྲག་གཅིག་པའི་སྤུན་ཟླར་སྐྱོང་བའི་ཟོལ་མེད་ལྷག་བསམ་འདིའི་ནང་ཡོད།།
ཞྭ་དཀར་ཚང་གི་ཨ་མྱེ་རྒད་པོའི་གྱ་སྟོན་ཤིས་བརྗོད་འདིའི་ནང་མཛེས།།
མི་རིགས་ཤིག་གི་མི་ཚེའི་དོད་ཀྱི་མ་འོངས་སློབ་གསོ་འདིའི་ནང་ཟབ།།
འགྲོ་བ་མི་ཡི་རིགས་རུས་ཆུ་འགོ་ལྷ་ལས་གྱེས་ཚུལ་འདིའི་ནང་གསལ།།

འབྲི་ལ་དགའ་བའི་སྒེར་བུ་བདག་ནི་རྨོངས་རྩོམ་གཉིད་ལས་འདི་ཡིས་དཀྲོགས།།
འཚར་ལོངས་ཁྲོད་ཀྱི་རྟོག་པའི་ཚོར་འདུ་གླེང་བའི་ཀུན་སློང་འདི་ཡིས་གནང་།།
བརྒྱ་ཕྲག་སློབ་མའི་འདུ་ཚོགས་གསེང་གི་རྒྱལ་ཁའི་རྟགས་མ་འདིའི་ནང་ཡོད།།    
འགྱུར་མེད་བརྡ་རྟགས་གཡུང་དྲུང་ཁྲི་ཡིས་གཤེན་གྱི་པོ་ཏི་ཡུན་རིང་བཏེགས།།

གངས་དཀར་ཁྲོད་ཀྱི་དབུ་ནག་ཚང་གི་བདེ་སྡུག་གནས་ཚུལ་འདིའི་ནང་གསལ།།
ཡབ་མེས་རྒད་པོའི་དབུ་ལོ་དཀར་བའི་ལོ་རྒྱུས་རྡོ་རིང་འདིའི་ནང་ཡོད།།
གཤེན་བསྟན་ཚང་གི་བསྟན་པ་འདི་ཡི་གྱོང་གུད་ཕམ་ཁ་འདིའི་ནང་གླེང་།།
གསོན་ལྤཊ་སྐྱི་མོ་ཚོར་བས་གདུང་བའི་གདུང་ཚོར་ནག་པོ་འདི་ནས་འཐེན།།
     ༢༠༡༤-༧-༣༡-ཁྱུང་བསོད་བློ་ནས།







 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.