ཤེས་དགོས་རྒྱུ་མང་བའི་གྲྭ་རྐྱང་ཚོ།
དང་པོ་ཉིད་ནས་མི་རིགས་ཤིག་གི་མིང་བྱང་ཁུལ།།
ཀུན་གྱི་རྨིང་གཞི་ཀ་ཁའི་དབྱངས་རྟ་གྱེར་མགོ་བཙུགས།།
ངེས་དོན་བླར་མདུན་ངེས་འབྱུང་མཚོ་མོ་སྐྱེ་མདོག་བྱས།།
ཕྱི་མ་ཟེར་བཞིན་སྐྲ་ཕུད་དྭངས་མ་དེམ་མེར་བཅད།།
ཕ་མེས་གཤེན་པོས་རྗེས་བཞག་པོད་ཀྱི་རྔམ་བརྩེཊ་མཐོ།།
ལེགས་བཤད་མ་མའི་གནད་ཀུན་སྲང་ཁ་མ་ཐེག་ཀྱང་།།
ཚོད་དཔག་ཕྱེད་ལས་རག་རིམ་གནད་ཀྱི་གོ་བ་ཞིག།
གྲྭ་རྐྱང་ཞིག་གི་མི་ཚེའི་དོད་ཀྱི་མདུད་པ་ཡིན།།
སྲིད་པ་ཚང་གི་ནག་ཉེས་གྱ་གཅིག་ངེས་རྒྱུ་ཞིག།
ཁ་ཤ་སྲབ་སྲབ་སྙིང་རྗེ་བཤད་ཀྱང་མི་ཕན་རྒྱུ།།
མྱ་ངན་ཐང་གི་འགྲོ་བའི་མ་ལ་བསམ་གཞིག་ཅིག།
ཕྲག་ཏུ་བབ་པའི་འོས་འགན་མང་བ་གྲྭ་རྐྱང་ཚོ།།
བཟོ་རྒྱལ་གར་མའི་ཀ་ཁའི་བཟོ་དབྱིབས་ཤེས་དགོས་རྒྱུ།།
ལྡོང་རིས་ལྷ་བཟོའི་ལྷུ་ཚུཊ་པིར་ལག་བྱང་དགོས་རྒྱུ།།
ཕྱྭ་གཤེན་ཐེག་པའི་མོ་གཏོ་རྩིས་ལ་དཔྱད་དགོས་རྒྱུ།།
ཡེ་གཤེན་ཐེག་པའི་སྤྱི་དོན་ཡན་ལག་ངེས་དགོས་རྒྱུ།།
བྱ་བཞག་སྣ་བརྒྱའི་དཀའ་ཚེཊ་སྡུག་འཕྲང་རྒྱུད་དགོས་རྒྱུ།།
ཡར་ལྟོས་མིག་དཔེའི་ཡར་ཐོད་དཔྲལ་དུ་རྒྱང་མིག་ཐོང་།།
མར་འགྲིབ་ནག་པོའི་གྲིབ་སོ་ཆུ་ལ་མ་གཡུག་རྒྱུ།།
མ་ཡིག་སློབ་མའི་ཕུགས་ཀྱི་མདུན་ལམ་མ་བརྗེད་དགོས།།
༢༠༡༤-༨-༡༣-ཉིན་ཁྱུང་བསོད་བློ་ནས།