སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 39048


 
མངར་མོ་འོ་མའི་མ་ལོ།
[ 2014/8/24 7:41:00 | By: vase ]
 
          
            མངར་མོ་འོ་མའི་མ་ལོ།

      ལྟེ་ཁྲག་དམར་པོ་མལ་དུ་ཟཊ་ཉིན།།
       ཤ་འཇམ་ནུ་མའི་ཁུག་ཏུ་རུམ་སྟེ།།
      བརྩེ་ཆེན་འོ་མའི་མངར་ཁ་སྟེར་བའི།།
     ཟུག་གཟེར་བཟོད་པའི་ཨ་མ་དྲན་བྱུང་།།

      མགོ་ཡི་སྐྲ་ལོ་སྨུག་ཏུ་མ་དབང་།།
     ཞལ་གྱི་ཞིམ་ཟས་ཞུ་རུ་མ་བཅུག།
     ལྭ་བའི་རྡོ་ཚར་སྐམ་དུས་མེད་པའི།།
         ང་ཡི་ཨ་མ་ནམ་ཡང་ཤ་ཚ།།

     འཛུམ་གྱི་ལང་ཚོ་མཛེས་སུ་མ་ཁོམ།།
     སྨིན་མའི་རྫི་གཤོག་ངོམ་དུ་མ་ཕོད།།
   དབུ་ལོ་དཀར་ལ་རང་དབང་མེད་པའི།།
     དྲིན་ཆེན་ཨ་མ་ནམ་ཡང་དྲན་ནོ།།

   རིགས་བཟང་འོད་གསལ་ལྷ་ཡི་སྲས་མོ།།
དལ་འབྱོར་བསྐྲུན་པའི་དོན་ཆེན་བདག་མོ།།
    སྲིད་པ་གཡང་གི་མཐའ་ལས་གྲོལ་ནས།།
      ཞི་བ་ཆེན་པོའི་བདེ་སར་བཟུང་སྨོན།།
           ༢༠༡༤-༧-༥-ཁྱུང་བསོད་བློ།
            


      
      

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.