སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38675


 
ང་་་་་་ཞེས་པ།
[ 2014/8/24 7:39:00 | By: vase ]
 


                 ང་།

        ང་ཞེས་པའི་བདག་གཞི་རུ་གྱུར་པའི་ང་། 
  ཡེ་ཐོག་མ་ཉིད་ནས་ང་ཡི་རྣམ་ཤེས་ཀྱི་སྲོག་རྒྱུན་དམར་པོ་དེས།  རིག་དྲུག་གི་འཇིག་རྟེན་འགྲིམས་ཏེ།        ངེས་མེད་ཀྱི་མགྲོན་པོ་བྱས་པའི་ང་།   མྱོང་སྣང་ལ་སྡུག་བསྔལ་གྱི་གྲུབ་ཆ་དང་།     ལས་ངན་གྱི་སྣང་ཆ་མ་ལྡོག་སྟེ།   སྲིད་པའི་གཡང་ས་ཆེན་མོ་དེའི་གཞིས་སུ་སྐྱེ་བ་གྲངས་མེད་ལ་འཚོ་སྡོད་བྱས་མྱོང་བའི་འགྲོ་བ་ཞིག་བྱས་པ་བགྲང་དུ་མེད་པའི་ང་།   ད་དུང་དེ་བས་ཀྱང་སྔ་མ་ཞིག་ལ།   དྲང་བདེན་གྱི་གཤིས་ཀ་གཙིགས་སུ་འཛིན་ལ།    འདོད་ཆུང་ཆོག་ཤེས་ཀྱིས་ཚོད་དུ་བཀག་ལ། རྣམ་དཀར་ཡོན་ཏན་གྱི་ས་བོན་བཟང་པོ་ཞིག་བསཊ་པར་བརྟེན།   ལས་འབྲས་བསླུ་མེད་ཀྱི་ལམ་བུ་ཐོག་བསྐྱོད་སྟེ།    ད་ལན་བདེན་ཁའི་གླིང་ཁ་ཞིག་ལ་དལ་འབྱོར་གསེར་ཕུང་གི་འདབ་མ་བཞད་པའི་ང་།   ཡང་་་་་ད་ལན་ཟགས་བཅས་ཀྱི་གཟུགས་ཁོག་འདི་ཉེ་ཉོན་དང་རྩ་ཉོན་གཉིས་ཀྱི་འཆིང་བ་ལས་ཀྱང་ཐར་མ་ནུས་ཏེ། སོགས་སྣོད་ཀུན་གཞི་རུ་རྐྱེན་ངན་པ་ཞིག་འཕྲད་མ་ཐག   དུག་ལྔའི་སྡོང་རྒན་དུ་འགྱུར་ལ་ཁད་ཀྱི་ལུས་ཅན་ང་།    ད་དུང་དེ་བཞིན་གྱི་་་་་་་དང་པོ་རྩ་བའི་མ་རིག་པའི་ཀུན་སློང་དེ་བསྐྱུར་མ་ནུས་ལ།  གཉིས་པ་འདུ་བྱེད་ལས་ཀྱི་བག་ཆཊ་གསོག་མཚམས་དེ་བཞག་མ་ནུས་པས་ང་།    ཅི་འདྲ་ཡ་མཚར་བའི་ང་།    དེ་འདྲ་དགོད་བྲོ་བའི་ང་།  
༢༠༡༤-༧-༢༢-ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.