སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38816


 
མངོན་མེད་གློག་གིས་སྐྱེ་འཇིག
[ 2014/7/20 8:05:00 | By: vase ]
 

       
         མངོན་མེད་གློག་གིས་སྐྱེ་འཇིག།

         
           ཡལ་ཡོལ་གྱི་རྒས་དར་ན་སོ།།
       འགྱ་འགྱུར་གྱི་གཤོག་རླུང་གསེང་ཏུ།།
       མངོན་མེད་ཀྱི་སྐྱེ་འཇིག་སྲིད་པས།།
      འཇམ་བརྡར་གྱིས་ཟུར་ཁ་བུག་གྲབས།།

        རེ་བ་ལ་ཕྱིར་འཐེན་མེད་ཆེ།།
       དྭོགས་པ་ལ་སྔོན་རྒྱུག་བང་ཆེ།།
      བཙན་ཤུགས་ཀྱི་ལས་དབང་རྒད་པོས།།
       ལུས་ཟུངས་འདིའི་ལང་ཚོ་འཕྲོག་ཐལ།།

           ཚན་རྩལ་ལ་ཚོད་འཛིན་མ་བྱས།།
    འགུལ་སྤྱོད་ཀུན་འཕྲུལ་ཆས་སྤྱོད་དྲགས།།  
      རིན་ཐང་གི་དལ་འབྱོར་གསེར་ཕུང་།།
        གསོན་དུར་དུ་བཙན་གྱིས་སྦས་ཉེན།།

        དབུ་ནག་གི་མགོ་ལོ་རྒོད་ཀྱང་།།
    ཡར་ཐོད་ཀྱི་གདོང་གཉེར་ལྡེབ་རིས།། 
      མར་མགུལ་གྱི་ཨོག་རྩིད་ནག་པོ།།
   སྐྱེ་འཇིག་གིས་བཙན་གྱིས་བཙུགས་ཤག།

      འདུག་བསམ་པོ་སྡོད་དབང་མེད་པར།།
       འགྲོ་བསམ་ཡང་ཕྱིར་འཐེན་ཐག་པ།།
       གློ་བུར་གྱི་སྐད་ཅིག་ཞགས་པ།།
      དབང་མེད་དུ་རྐེ་ལ་དབྱུག་ཉེན།།

        སློབ་ཚོཊ་ནས་མདུན་མ་སྒུག་སྒུག།
         མི་ཚོཊ་ནས་ངོ་ཚ་འཛེམས་འཛེམ།།
        ཁྲིམས་ཚོཊ་ནས་ནག་ཉེས་སྐྲག་སྐྲག།
        གློ་བུར་དུ་བགྲེས་ས་འཕང་སོང་།།
     
         ཕྱིར་མིག་གིས་མདངས་ཤིག་རྒྱག་ཀྱང་།།       
        ཡིད་གཏད་ཀྱི་ངེད་ཤེས་རྙེད་དཀའ།།
       ཚེ་ཚད་ཀྱི་ཐིག་ཚད་བརྒལ་ཡང་།།
        འཇིགས་མེད་ཀྱི་བློ་སྟོབས་མ་རྫོགས།།
 
      ཧང་སང་སང་ཧོད་ཅིག་བལྟས་ཚེ།།
      སྐྲ་འཇག་གི་འདབ་ལོ་དཀར་ཉེ།།
    ནག་ཐིག་གིས་མཁུར་ཚོས་སྒྲིབ་ཚར།།
     མེ་ལོང་མས་མི་རྟག་དྲན་བསྐུལ།།
       
     སྒོ་གསུམ་མདུན་དཔེ་ཆས་གསེབ་ཀྱང་།།     
    རྒྱང་མཐོང་གི་ལན་ཀ་དྭངས་མས།།
   བསམ་གཞིག་གིས་ལྐོག་དོན་མ་དཔོག།
     གསོན་ལྤཊ་འདི་ནག་པོ་བསྒྱུར་སོང་།།

        ལུས་ངག་དེ་སློབ་ལ་འཁོར་མདོག།
        འཛུབ་ལག་དེས་བྲི་ལ་འཁྱུག་ཚེ།།
        འགངས་ཆེན་གྱི་ཚེ་སྲོག་ཐག་པ།།
      སྐྱེ་འཇིག་གིས་ཐུང་ཐུང་བཏང་གཞག།

      སྐྱེ་འཇིག་ལ་ནམ་ཡང་གུས་ཀྱང་།།
         ཡར་བལྟས་ཀྱི་མགོ་བོ་བསྒྱེལ་དུས། 
           བཅུ་ཚན་གྱི་ལོ་ན་དུ་མའི།།
      རྒྱབ་ལོགས་སུ་ཤུགས་ཀྱིས་འཕངས་ཚར།།

       སོས་དལ་དུ་ལྷོད་ཕབ་མི་སྲིད།།
   མགྱོཊ་འཚུབ་ཀྱི་བྲེལ་རླབས་དྲགས་པའི།།
       སྙིཊ་དུས་ཀྱི་འཕོ་འགྱུར་འདིའི་གསེང་།།
       དོན་ཆེན་གྱི་བདེ་བ་ལོན་དཀའ།།
     
             དྲེད་པོ་ཡི་མི་རྟག་སྐྱེ་འཇིག།
            བདུད་པོ་ཡི་སྐྱེ་བ་མིན་ན།།
       གོ་ཟླུམ་གྱི་ཁམས་གསུམ་གསེང་ནས།།    
      བདུད་ནག་པོའི་མཚན་གཞི་སུ་འཇོག།
༢༠༡༤-༥-༢༨-བདུན་ཕྲག་ངལ་གསོ་ཉིན་གྱི་ཕྱི་དྲོ་ཁྱུང་བསོད་བློ་ནས་བྲིས།
    
    
       
     
      

        
     
    



       
        

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.