རྒྱང་རིང་དུ་བཞུད་ཟིན་པའི་སློབ་བུ་ནམ་ལངས་
སྐར་མ།
ནོར་ལུག་ཤ་མར་ཐུད་ཀྱི་ཟས་དབེན་ཡང་།།
གཤིས་ལུཊ་ལྔ་རིག་ནོར་བུའི་ཁྱིམ་ཚང་དུ།།
གནས་ལུཊ་བདེན་དོན་གླེང་བའི་ངལ་གསོ་ཉིན།།
མཉམ་འཛོམས་ཞོཊ་ཇ་དམར་པོ་ཨེ་དྲན་གདའ།།
ཐོབ་དཀའི་མི་ཚེ་གྲྭ་རྐྱང་གྲོཊ་ལ་བརྟེན།།
སྡོད་དཀའི་དབེན་གནས་ཕ་ཁྱིམ་སྨུག་པོར་འཛིན།།
བཟོད་དཀའི་བརྩེ་དུངས་ཕར་ཀའི་རི་ལ་བཀར།།
ཞོགས་ཀའི་ལྕཊ་རྔ་དམར་པོ་ཨེ་དྲན་གདའ།།
ཁ་བའི་དབྱངས་ཀྱི་ཚག་བསྡུམ་མགོ་བཙུཊ་ནས།།
ཁ་ཕྱོཊ་མདུན་ལམ་མི་འཆུག་དྲང་བདེན་ཆེད།།
ཁ་ངན་སྤང་པའི་བསླབ་བྱ་ག་ཚད་བསྐྱངས།།
ཁ་ཁ་གྱེས་པའི་མཚམས་སུ་ཨེ་དྲན་གདའ།།
གཞན་མགོ་མི་སྒུར་རང་མགོ་ཐོན་ལ་ཉེ།།
སྨྱུག་གི་གོམ་སྟབས་འཁྱུག་པའི་ལག་རྗེས་སོཊ།།
དང་པོའི་ལམ་བུ་བཟང་པོ་སུ་ཡིས་གནང་།།
རྣམ་ཤེས་གསོན་པོ་ཡོད་ན་ཕྱིར་བལྟས་ཤིག།
མགོ་ནག་ཀླད་བརྒྱ་འཚོཊ་པའི་གདོང་དམར་ཚོས།།
སྒོ་གསུམ་ཡིད་གཏད་ཆོག་པའི་དབང་ཁམས་དེ།།
དགེ་རྒན་སུ་ལ་བརྟེན་པའི་བཀའ་དྲིན་ཡིན།།
དབུ་འཕང་མཐོ་མཐོའི་གསེང་ནས་ཨེ་དྲན་གདའ།།
ལོ་མང་གྲྭ་རྐྱང་དཀྱུས་མའི་འཚོ་ཁྲོད་བརྟེན།།
འཚར་ལོངས་ཆ་རུ་བསྡེབས་པའི་སློབ་གླིང་ནང་།།
ཚ་གྲང་སྐྱིད་སྡུག་ཁུར་པོ་ཟུང་སྦྲེལ་བའི།།
ཡུན་རིང་འབྲེལ་འདྲིས་གཏམ་དེ་ཨེ་དྲན་གདའ།།
བཟང་པོའི་དུས་ཚོད་གསེར་ལས་འགངས་མཐོ་ཡང་།།
གཟུ་བོས་མ་བཟོད་དཀའ་སྤྱད་ཨུ་ཚུགས་བསྒྲད།།
བར་གསེང་སློབ་ཁྲིད་སྐྱོང་བའི་དགེ་རྒན་དེ།།
རང་ཉིད་རང་མགོ་ཐོན་དུས་ཨེ་དྲན་གདའ།།
སྐྱ་སེར་འདུ་ར་རྒྱས་པའི་གདང་གྲལ་དུ།།
དབུ་ཁྱུད་དབུ་འཕང་མཐོ་བའི་གདང་གྱེར་དེ།།
ཨ་ཧོ་དགེ་རྒན་སུ་ཡིས་བཀའ་དྲིན་ཡིན།།
གསོན་ལྤགས་རུས་ཁོག་གསེང་ནས་ཕྱིར་དྲན་གྱིས།།
ལོ་མང་དབེན་སར་བརྟེན་པའི་ལག་རྗེས་ཀྱི།།
བརྡ་དག་ཚིག་བཅད་ཐར་ཐོར་འབྲི་རྒྱུ་དེ།།
ཨ་ཧོ་དགེ་རྒན་སུ་ཡིས་བཀའ་དྲིན་ཡིན།།
ཡ་ཆུང་དྲན་པ་ཡོད་ན་འདང་ཞིག་རྒྱག།
ང་ལ་ཡོད་པའི་བློ་གཏད་ཁྱོད་ལ་བཅོལ།།
ཁྱོད་ལ་ཡོད་པའི་ཕྱིར་མིག་མ་གཏད་སྐྱོ།།
ཞེ་གཏིང་འཆར་དུ་མི་རུང་སྤྱོད་ལམ་ནང་།།
ཁྱོད་ཉིད་ནམ་ལངས་སྐར་མའི་རྗེས་སུ་བསྙེགས།།
དགེན་མིང་ང་དང་གྱེས་པའི་རྒྱང་རིང་བུ།།
དབུགས་ཀྱི་རྒྱུ་བ་ཡོད་ན་འཕར་རྒྱུ་ཞིག།
སེམས་ཀྱི་ཚོར་བ་ཡོད་ན་ཕྱིར་བལྟས་ཤིག།
ཨེ་ཡོད་འདྲི་རྩད་གཞིས་བཟུང་ཁྱིམ་ནས་ཤོར།།
སྤྱི་ལོ་༢༠༡༤-༧-༡༩-ཉིན་རྫོང་སྨན་ཁང་ནང་སྨན་ཁབ་རྒྱག་པའི་རིང་བྱིས་པའི་ཨོ་རལ་དང་རྒད་པོའི་འུག་གཏམ་དང་གཞོན་པའི་གཞས་དབྱངས་སོགས་ཀྱིས་རྣ་བར་སུན་ཉེན་ཆེ་བས་ཉི་མ་མ་ཆོད་དུ་
ཁྱུང་བསོད་བློ་ནས་བྲིས་སོ།།