སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38829


 
སྙན་ངག་ལགས།
[ 2014/6/23 13:44:00 | By: vase ]
 

      སྙན་ངག་ལ་དགའ་བའི་ང་།  

   སྙན་ངག་ལགས།    
 གླིང་བཞི་གསལ་བའི་མཁའ་དབྱིངས་ཀྱི་
མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མདུན།
རླབས་ཆེན་ཟད་པ་མེད་པའི་མཆོད་སྤྲིན་གྱི་སྟོན་མོ་ཡང་ཁྱེད་ཀྱིས་བཤམས་ཆོག་ལ།
སྒོ་གསུམ་གྱི་གཏད་སོ་མེད་པའི་རིག་དྲུག
ལས་སྣང་གི་འཁྱམས་པོ་དེ་ཚོ་
ཐར་པའི་གཞིས་སུ་འཛུབ་ཁྲིད་ཀྱང་ཁྱེད་ཀྱིས་མཛད་ཆོག  
 ལྷུན་ཆགས་པའི་རི་བོ་ཧི་མ་ལ་ཡའི་རི་སུལ་དུ་འགྱིང་བའི་རྩལ་ཆེན་
གདོང་ལྔ་པའི་གཡུ་རལ་ག་ཚད་མཛེས་ཀྱང་ཁྱེད་ཀྱི་མཛེས་རྒྱན་ཡིན་ལ། 
མཁའ་དབྱིངས་ཀྱི་དབྱར་སྐྱེས་དར་མའི་སྐད་གསང་ཇི་ལྟར་མཐོ་ཡང་ཁྱེད་ཀྱིས་གདངས་དབྱངས་ཀྱང་ཡིན།    དེ་བས་ཀྱང་ག་ལ་ཚད།   ཁ་འབབ་ཆུ་བཞི་ལས་གྱེས་པའི་
རླབས་ཆེན་ཡར་ཀླུང་གཙང་པོའི་གཞུར་སྒྲ་དང་མ་པང་གཡུ་མཚོའི་རླབས་སྒྲ་གཉིས་དེ་
རྒྱུན་རིང་བའི་ཁྱེད་ཀྱི་མིག་དབང་སྲོག་གསུམ་གྱི་ནོར་བུ་གསོན་པོ་ཞིག   
སྙན་ངག་ལགས།    ཁྱེད་ཀྱིས་བོས་པའི་འབོད་བརྡ་ཤུགས་སུ་མ་གཏོང་ལ་ཕེབས་པའི་
མིག་བརྡ་དབང་པོས་མ་འཕང་བའི་
ཤེས་རིག་གི་མི་བརྗེད་གཟུངས་དང་ལྡན་ལ།    
བརྩོན་འགྲུས་ཀྱི་ངང་རྒྱུན་ཆུ་ལས་རིང་བའི་སྐལ་ལྡན་གྱི་སློབ་བུ་དུ་མ་སློབ་ཕྱོགས་སུ་འདུར་རྒྱུག་དིར་དིར་འདི་ཁྱེད་ཀྱི་བཙུགས་པའི་དུངས་བ་ཟབ་མོ་ཞིག་ཅི་ལ་མིན།
སྙན་ངག་ལགས།
ཁྱེད་ནི་ནུས་ཤུགས་ཀྱང་ཆེ་སྟེ་  
སྟོང་གསུམ་འཇིག་རྟེན་གྲངས་ཀྱི་མི་ལོང་པ་ངག་གདམས་གཅིག་གིས་མཉམ་ཆགས་མཉམ་འཇིག་ཏུ་བྱེད་ནུས་ལ།   
འཁོར་འདས་སྣང་སྲིད་ཀྱི་བསྡུས་པའི་ཤེས་བྱ་ཐམས་ཅད་སྙན་མོ་ངག་གི་འགྱུར་ཁུགས་དང་ལྡེམ་མྱུར་སྒེག་མོའི་གར་སྟབས་སུ་ཁྱེད་ཀྱིས་བཀྱོན་ནུས་སོ།།
སྙན་ངག་ལགས།  ཁྱེད་ཀྱི་ཞལ་རས་ཀྱི་
འཛུམས་མདངས་དེ་ཡལ་དུས་མི་འདུག་ལ། 
ང་ཡི་སེམས་ཁམས་ཀྱི་བརྩེ་བ་དེ་
རྫོཊ་དུས་མི་འདུག
སྙན་ངག་ལགས།  ཁྱོད་ཀྱི་འཛུམ་ཆུང་གི་ཞལ་རས་དང་ང་ཡི་སེམས་ཁམས་ཀྱི་བརྩེ་བ་གཉིས་པོ་དེ་དབྱེར་བ་མེད་པའི་འོ་ཆུ་འདྲེས་མ་ཡང་ཡིན་ལ།   
མཉམ་རྒྱུག་མཉམ་བསྡད་ཀྱི་ལུས་ཀྱི་གྲིབ་སོ་ནག་པོ་ཡང་ཡིན་ནོ།
ངས་ཡོད་ཚད་མོས་ས་ཁྱེད་ཡིན་ལ།   
ཡོད་དགུ་ཐམས་ཅད་ཁྱོད་ཀྱི་བརྗོད་བྱ་རུ་བསྒྱུར་བའི་འཆར་གཞི་ཡང་ཡོད།      
སྙན་ངག་ལགས།    ད་ཁྱེད་ཀྱིས་སྙན་མོ་ངག་གི་འགྱུར་ཁུག་དེ་གབ་སྐུང་མེད་པར་ང་ལ་ངོམ་རོགས་གྱིས་དང་།  
ང་ཡིས་ཁྲ་ཆུང་མིག་གི་གཏད་སོ་དེ་ཁྱེད་ཀྱི་ཕྱོགས་ནས་དུས་ནམ་ཡང་གྱེས་དུ་མི་འགྲོ་བའི་ཐག་གཅོད་ངས་བྱེད་ཆོག།
༢༠༡༤-༦-༡༩-ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.