སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38888


 
དགེན་གྱི་དྲིན་དེ་ཡང་ཡང་དྲན།
[ 2014/6/16 18:33:00 | By: vase ]
 

   དྲིན་ཆེན་དགེན་གྱི་དྲིན་དེ་ཡང་ཡང་དྲན།

                         ཁྱུང་བསོད་བློ།
འཚོ་གོས་བཀའ་དྲིན་སྐྱོང་བའི་དགོན་སྡེ་དང་།།
སྨྱུག་རྩེའི་གོམ་ཁ་བསླབ་པའི་དགེ་རྒན་དང་།།
སོར་རྩེས་ཐལ་མོ་སྦྱར་སའི་ཡོངས་འཛིན་མཆོག།
ང་ཡི་མདུན་ལམ་སྟོན་པའི་སྒྲོན་མེ་དངོས།།

འཆད་རྩོད་ཐལ་སྒྲ་སྒྲོག་པའི་རིག་ལམ་པ།།
ནུས་བརྩོན་ཧུར་གྱིས་བསྐྲུན་པའི་དམ་བཅའ་བ།།
དཔྱད་གསུམ་སྲང་ཁ་མཐོ་བའི་དཔང་པོ་མཆོག།
ང་ཡི་དོགས་གནད་འདྲི་སའི་ལོ་ཙ་བ།།

 སྒོ་གསུམ་དགེ་ལ་བཀུར་བའི་ཕ་མ་དང་།།
འཇུངས་གེགས་སླད་ཀྱི་མ་བཅིང་སྤུན་ཟླ་ལྔ།།
མཐུན་རྐྱེན་སྒྲོ་ལོ་གནང་བའི་ནང་མི་ཚོ།།
ང་ལ་ཟད་མེད་སྤྲིང་བའི་སྦྱིན་བརྒྱ་པ།།

སྨྱུག་རྩེར་མྱུར་མགྱོཊ་ཅི་ཡོད་དགེན་གྱིས་དྲིན།།
དབྱངས་གསལ་སུམ་བཅུའི་སྟངས་སྟབས་དགེན་གྱིས་དྲིན།།
ཚིག་བཅད་ལྷུག་མའི་མཛེས་ཉམས་དགེན་གྱིས་དྲིན།།
ང་ལ་ཡོད་ཚད་ཐམས་ཅད་དགེན་གྱིས་དྲིན།།

རང་ཁ་བདག་གིས་གསོ་བའི་ཡོང་འབབ་མེད།།
འདོམ་ཁ་འཇམ་གྱི་ཐུམ་པའི་རྒྱན་གོས་མེད།།
ཕྱི་གོས་ནང་རིག་བསྩལ་བའི་དཔོན་གསས་དང་།།
དགེ་རྒན་ཕ་མ་སྤུན་མཆེད་བཀའ་དྲིན་ཆེ།།

ཆད་མེད་སློབ་ཁྲིད་སྐྱོང་བའི་དགེན་ཆེན་མོ།།
རིས་མེད་སློབ་བུ་སྐྱོང་ལ་བར་ཆད་མེད།།
གེགས་མེད་གཡུང་དྲུང་སྲུང་མས་སྡོང་གྲོགས་མཛོད།།
འགྱུར་མེད་སེར་ཆེན་ཁྲི་ལ་བཞུགས་པར་སྨོན།།
༢༠༡༤-༦-༡༤-དབྱར་སྐྱིད་ཐུགས་སྤྲོ་ཉིན་ལྔ་པར་བྲིས།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.