སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སེམས་ཀྱི་རྟོག་འགྱུ།
[ 2014/7/20 7:42:00 | By: vase ]
 
    
              
               སེམས་ཀྱི་རྟོག་འགྱུ།

   འགའ་ཡིས་ཡོད་ཅེས་ལབ་ནས་ཡི་རང་ཞུས།།
   ཁྱོད་ཀྱིས་མེད་ཅེས་ལབ་ནས་སྣ་གཉེར་གྱིས།།
   ཡོད་མེད་བདེན་སོ་གཅིག་ཏུ་མི་མཐུན་པས།།
     ང་ཡིས་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།།

   འཕྱ་སྨོད་དགའ་བ་རང་ཕྱོཊ་མི་ཡི་གཤིས།།
  སྟོན་པས་བཀའ་ལ་མི་བརྩི་བདུད་སྲིད་པས།།
  བདག་གི་གཏམ་ལ་ཀུན་མཐུན་ཨ་རྒྱང་རྒྱང་།།
   གང་དྲན་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།།

   མཁས་པས་ཁྱུང་གི་བུ་ཡི་ལོ་རྒྱུས་འཚོལ།།
 བླུན་པོས་བློ་གྲོས་ང་ལ་བསྐུར་འདེབས་གྱིས།།
 དཔང་པོས་སྐྱོན་ཡོན་སྲང་ཁའི་ཡངས་ལྕི་ཁྱོཊ།།
   ང་ཡིས་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།།

མཁྱེན་པའི་མཐའ་རྒྱ་ཆོད་པའི་རྣམ་མཁྱེན་མིན།
རྟོཊ་པའི་གཤོཊ་རྩལ་རྫོཊ་པའི་ཁྱུང་མིན་ཀྱང་།།
 བསླབ་གསུམ་གཞིས་སུ་མཐོ་བའི་གླིང་ཁ་ནས།།
   ང་ཡིས་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།།

   ཕྱུག་པོས་གྲྭ་རྐྱང་བདག་ལ་སྤྲང་རབས་ཤོད།།  
  སྤྲང་པོས་ཁེར་རྐྱང་ང་ལ་ཕྱུག་རབས་གླེང་།།
 ཀུན་དགའི་སྒྲོ་ལོ་བདག་ལ་མ་ཕྱུག་ཀྱང་།།
   ཡོད་པའི་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།།

    མ་དགའི་བུ་ཡིས་བལྟས་ན་མ་འཇོན་མང་།།
དགའ་ཕྱོཊ་སྤུན་གྱིས་བལྟས་ན་འཇོན་ཕྱོཊ་མང་།
སུས་ཀྱང་ཀུན་ཡིད་འགུ་བའི་ཐབས་དཀོན་པས།   
    བདག་གི་སེམས་ཀྱི་རྟོག་འགྱུ་སྤེལ་རྒྱུ་ཡིན།།
༢༠༡༤-༦-༢༦-ཉིན་ཁྱུང་བསོད་བློ་ནས།
  
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.