སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 40011


 
བལྟས་བཞག་ན་གྲྭ་རྐྱང་ཇེ་སྐྱིད་རེད།
[ 2014/6/16 18:25:00 | By: vase ]
 

   བལྟས་བཞག་ན་གྲྭ་རྐྱང་ཇེ་སྐྱིད་རེད།

                          ཁྱུང་བསོད་བློ།

ལས་དབང་བརྩེ་བའི་རྒྱ་མདུད་ཨ་གསར་གྱིས་མ་རྒྱག།
པང་ཁུག་ཚྭ་དྲི་རྒད་མོའི་རྐུབ་གཡོག་ཏུ་མ་གྱུར།།
ལྤགས་རྩག་རལ་པའི་གསེང་གི་རུལ་དྲི་དེ་མ་གོས།།
སྣང་བས་རྒྱང་གླུ་ལེན་པའི་གྲྭ་རྐྱང་དེ་སྐྱིད་པ།།

ཐལ་སྐྱ་ཁྲ་ཁྲ་བྱུགས་པའི་མཁུར་ཚོས་དེས་མ་བསླུས།།
ཆུ་དང་འཁྱག་པ་ཟེར་བའི་བརྩེ་བ་དེ་མ་བསྲེས།།
སྣ་རལ་ཁ་ཤ་བུག་པའི་ལྐོག་མོ་དེ་མ་འཕྲད།།
གར་སང་རྗེས་དེད་མེད་པའི་གྲྭ་རྐྱང་དེ་སྤྲོ་བ།།

སྙལ་མགོ་ཕྱོཊ་བཅུར་གཏད་ཀྱང་རང་དབང་གི་བདག་པོ།།
འཆད་རྩོད་ཐལ་འགྱུར་རིག་པའི་དགོད་སྒྲ་དེ་འགྱིང་མཁས།།
སྒོ་གསུམ་རིག་པའི་རྣོ་སོ་ཤེས་རིག་ལ་གྱུ་བའི།།
ལྔ་རིག་གཤོཊ་ཟུང་རྒྱས་པའི་གྲྭ་རྐྱང་དེ་སྐྱིད་པ།།

མི་འདོད་འཁོར་བའི་མ་ཡུམ་བཟའ་ཟླ་དང་ལྷན་དུ།།
ཁྲེལ་མེད་ལས་དབང་བཙན་གྱིས་བསྐོས་བཞག་དུ་མ་བཙུགས།།
མུ་མེད་མཁའ་དབྱིངས་གཤགས་པའི་གླིང་སྐོར་གྱི་བདག་པོ།།
སྣེ་གཉིས་ཕྱིར་བསམ་མི་དགོས་གྲྭ་རྐྱང་དེ་སྐྱིད་པ།།

ལང་ཚོའི་དཔྱིད་ཀྱི་དཔལ་ཡོན་ཆར་རླུང་དེས་མ་བཅོམ།།
ན་ཚོད་ལྕང་ལོའི་སྡོང་པོ་ལྷག་རླུང་དེས་མ་བཀུག།
རྒས་ཚོད་ན་ལོ་ཡོལ་ཀྱང་འཆི་བ་ལ་མི་དོགས།།
ལས་འབྲས་བདེན་ཁའི་ལམ་གྱི་གྲྭ་རྐྱང་དེ་སྐྱིད་སོང་།།

སྒྲིག་ཟས་འཚོ་བས་གྲྭ་ཆུང་ལྟོ་ཆུང་དེ་འགྲངས་ལ།།
གསོག་འཇོག་སྣུམ་ཁ་བསྐང་བའི་ཕུག་བསམ་དེ་མི་དགོས།།
གདེངས་འཇོག་ལུང་རིག་བང་ཁ་ཤེས་རིག་ཐང་བསྐྱོད་པའི།།
རིམ་དགུ་ཐེག་པ་བགྲངས་བའི་གྲྭ་རྐྱང་དེ་མཐོ་སོང་།།

༢༠༡༤-༦-༡༢-རྣམ་སྲས་ཇ་ཁང་ནང་དུ་བྲིས།






 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.