དྲིན་ཅན་ཨ་མ་དེ་ལ་དྲིན་ལན་མ་སློག
ཟླ་ནག་ཞག་ནག་དགུ་ཡི་ཁུར་པོ་ཆེན་པོ།།
དཀར་འཇམ་ཨ་མའི་གདོང་ལ་ནག་ཐིག་རྒྱག་མཁན།།
སྣབས་ལྷུག་གཅེས་ཕྲུག་བུ་ཚོས་ནམ་ཡང་གཟབ་རྒྱུ།།
དྲིན་ཆེན་ཨ་མ་དེ་ལ་དྲིན་ལན་མ་སློག།
སྲོག་སྐུད་ལྟེ་ཁྲག་དམར་པོ་མལ་དུ་ཟག་ནས།།
ཤ་འཇམ་མངར་ཆུང་ནུ་མའི་ཁུག་ཏུ་རུམ་སྟེ།།
ལུག་ཆུང་ཚར་འཇམ་གོས་ཀྱི་སྦུབས་སུ་ཉར་མཁས།།
ཟུགས་གཟེར་བསྲན་དུ་ཚུགས་པའི་ཨ་མ་དྲན་བྱུང་།།
སྣབས་ལུད་འོ་རྟུག་དཀར་པོ་ཁ་ཡིས་ནུ་ལ།།
སྒོ་ལུད་དྲི་རྟུག་རིལ་མ་འཛུབ་ཀྱིས་འདྲུ་བའི།།
བརྩེ་ལག་འཁྱག་འཛུབ་ཕྲ་མོས་བརྙབ་ཏུ་མི་ཐོང་།།
ལག་འཛུབ་ཁེ་སེ་འདྲ་བའི་ཨ་མ་ཤ་ཚ།།
ཁ་ཟས་ཞིང་འབྲོག་འཚོ་བ་བཙལ་ནས་བུད་ཚེ།།
སེམས་ཆུང་བརྩེ་བའི་བུང་བ་བུ་ལ་འཁོར་ཆེ།།
ཕྱི་དྲོ་མུན་སྲོད་རུབ་ཁ་ནང་དུ་སླེབས་ཉེ།།
བུ་ཕྱོཊ་འདུར་རྒྱུག་ལྡིང་བའི་ཨ་མ་དྲན་བྱུང་།།
བདག་ལ་མིག་ཤེས་ལྡན་ཡང་གཟུཊ་ངོ་མ་ཤེས།།
བདག་ལ་རྣ་ཤེས་ལྡན་ཡང་བོས་པ་མ་ཐོས།།
བདག་ལ་འཛུབ་ལག་ལྡན་ཡང་ཕོར་ཁ་མ་འཕྲོད།།
ཟན་སྐྱོ་ལྕེ་ཡིས་སྐྱོང་བའི་ཨ་མ་དྲན་བྱུང་།།
རྒྱུ་རྐང་གུག་པོ་ཧྲོང་པའི་ལོ་ཟླ་ཞིག་ལ།།
ན་སོའི་གསར་སྒོ་དོད་ནས་དབྱངས་ཡིག་གྱེར་ཏེ།།
གྲེ་བས་ཀ་སྨད་སུམ་བཅུའི་འགྱུར་རེ་སྒྲོག་དུས།།
ཁ་གཡང་སྨོན་ཚིག་མཁས་པའི་ཨ་མ་དྲན་བྱུང་།།
དང་པོ་ཉྭ་རྐང་མི་ཧྲོང་སེམས་ཁྲལ་བྱས་བྱས།།
གཉིས་པ་སློབ་སྐད་མི་ཤེས་སྡུག་ཡུན་ཤོར་ཤོར།།
གསུམ་པ་མདུན་ལམ་ཕྱོཊ་སུ་ཕྱིས་བསམ་མང་མང་།།
མ་ཚེ་བུ་ལ་ཆགས་པའི་ཨ་མ་དྲན་བྱུང་།།
སྐྲ་ལོ་སྨུག་ཏུ་མ་བཅུག་སྐྲ་འཇག་གཅོད་མཁན།།
ཞིམ་ཟས་ཞུ་རུ་མ་བཅུག་ཁ་ནས་འཕྲོག་མཁན།།
རྡོ་ཚར་སྐམ་དུ་མ་བཅུག་དྲི་ཆུ་གཏོང་མཁན།།
སྐྱཊ་ཤོར་གཅེས་ཕྲུག་ངེད་ཚོས་ཨ་མ་དྲན་དགོས།།
སྲ་བའི་ལྕཊ་རྡོ་བཀས་པའི་གྲང་ངར་ཁྲོད་དུ།།
བུ་ཆུང་སྟོད་ལྷུག་སྦུག་ཏུ་རྟེན་གསུམ་འཛིན་ནས།།
བུ་ཡུག་འཚུབས་ཁ་གཤགས་པའི་སླས་རའི་འདབ་ཀྱི།།
དཀའ་སྡུག་བསྲན་དུ་ཐུབ་པའི་ཨ་མ་དྲན་བྱུང་།།
འཛུམ་གྱི་ལང་ཚོ་གསར་པ་མཛེས་སུ་མ་ཁོམ།།
རང་བྱུང་སྨིན་མའི་རྫི་གཤོག་ལྡིང་དུ་མ་བཅུག།
ལང་ཚོའི་ནུས་ཤུགས་ཡོངས་རྫོཊ་ང་ལ་གཏོང་བའི།།
དྲིན་ཅན་ཨ་མ་ཁྱོད་ནི་ནམ་ཡང་མི་བརྗེད།།
ཨ་ཕྲུག་གཞན་ཡུལ་ཆས་པའི་དོད་པོ་ཞིག་ལ།།
ཨ་མ་བློ་ཡིད་ཚིམ་པའི་སློབ་སྦྱོང་བྱེད་དགོས།།
ཨ་མའི་སེམས་ཁ་མ་གསོད་ཨ་ཕྲུག་དྲེད་པོ།།
ལས་འབྲས་དཀར་ནག་ལམ་ནས་ཚུར་འབོད་གཏོང་ཉེན།།
དོན་ཆེན་ཐར་ལམ་བགྲོད་པའི་ཐེམ་སྐས་བདག་མོ།།
དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་གྱི་མ་གཞིས།།
ཕྱུག་པོའི་བང་མཛོད་མིན་ཡང་ཕངས་བ་མེད་པའི།།
ཡོད་ཚད་ང་ལ་སྤྲིང་བའི་ཨ་མ་དྲན་བྱུང་།།
རྒས་པའི་སྐྲ་ལོ་དཀར་ལ་རང་དབང་མེད་ཀྱང་།།སེམས་ལ་སྡུག་བསྔལ་མེད་པར་བདེ་བའི་གཞིས་སུ།།
མི་འགྱུར་ནད་མེད་ཚེ་རིང་བརྟན་པའི་བཀྲིསྃ།།
བྃདེ་ལེགྃས་ཁ་གཡང་ཕུྃན་སུྃམ་ནམ་ཡང་ཚོགྃས་སྨོན།།
༢༠༡༤-༥-༡༡-མ་ཡུམ་དུས་ཆེན་ཉིན་མོར་ཁྱུང་བསོད་བློ་ནས་བྲིས།