སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38815


 
རྩམ་དཀར་ལུ་ཡོད་ན་ཁེར་འདུག་ཕེར།
[ 2014/4/30 7:10:00 | By: vase ]
 
          

     རྩམ་དཀར་ལུ་ཡོད་ན་ཁེར་འདུག་ཕེར།།
          
                            
   
         རྗེ་ཁྲི་རྒྱལ་ཁུག་པའི་ཧུ་སྒྲ་ལས།།
    རིགས་རིན་ཆེན་འབྲུ་ཡི་ས་བོན་འཁྲུང་།།
    ཕ་མེས་པོའི་ཞིང་ས་གཤིན་པོའི་དཀྱིལ།།
     ཡག་སྙེ་མའི་མགོ་ལྕོག་ལྡེམས་སེ་ལྡེམ།།

    དེའི་ཀློང་ནས་སྦྲང་དཀར་རྩམ་པ་འཁྲུང་།།
     གདོང་རྒད་པོའི་ཕ་ཟས་གྲུང་མ་ཡིན།།
      ཟོས་གཞག་ན་ལུས་དབང་གསོ་བའི་རྩི།།
    དཔུང་གཞག་ན་ཞལ་གསོའི་ཕྱེ་མར་ཡིན།།

    སྟོབས་ཆེ་ཡང་ཁོག་པ་བཤལ་སྲོལ་མེད།།    
  འདྲིས་ཆེ་རིམ་རང་མདངས་ཇེ་གསལ་ཡིན།།
     གཞིས་འཚོ་བ་གཞན་ལ་རེ་མི་དགོས།།
     རྩམ་དཀར་ལུ་ཡོད་ན་ཁེར་འདུག་ཕེར།།

       འགྱིག་རྒྱུ་ལས་གྲུབ་པའི་ཁ་ཟས་མིན།།
     ལྗང་སྨྱུག་ཤད་རྒྱས་པའི་སོན་བཟང་ཡིན།།
      རྫུན་སྦྱར་བྱུང་སྦྱོར་བའི་ཟས་སྙིགས་མིན།།
     རིག་རང་བྱུང་བརྡོལ་བའི་དམ་རྫས་ཡིན།།

     ནད་སྣ་བརྒྱ་འཁྲིད་པའི་ཚལ་གསར་མིན།།
      སྣུམ་ཤ་ཤེད་རྒྱས་པའི་སྙིང་པོ་ཡིན།།
    སྦུབས་བྲང་ཁོག་གཏོར་བའི་ཕོ་ནད་མིན།།
     ནང་འཕྲོད་རྟེན་གཙང་བའི་ཕ་ཟས་ཡིན།།

    དབྱངས་གྲེ་བ་གཏོར་བའི་རྫས་རྒྱོག་མིན།།
   གསུང་དབྱར་སྐྱེས་དར་མའི་ཁ་ཟས་ཡིན།།
   གཞིས་འཚོ་རྟེན་གཞན་ལ་རེ་མི་དགོས།།
   རྩམ་དཀར་ལུ་ཡོད་ན་ཁེར་འདུག་ཕེར།།

  སྐོལ་མི་དགོས་རང་བྱུང་ཆུ་ཁོལ་ཡིན།།
 སྐམ་མི་དགོས་རླན་གཤེར་རང་སྐམ་ཡིན།།
   རྨིང་རུས་པའི་རྩ་བཞི་རྐང་ཕྱུག་ཡིན།།
   སྤྱོད་ཆེ་རིམ་འཕྲོད་རྟེན་ཇེ་འཕེལ་ཡིན།།
  
        རྒྱུ་ཐ་མའི་འགྱིག་ཤ་མ་ཡིན་ལ།།
     ཟས་ཐ་མ་སྟབས་བདེ་ཐུག་པ་མིན།།
   ཁྲོམ་ཁོར་ཡུག་གཙང་བའི་རྩི་འབྲས་ཡིན།།
   ཡུན་རིང་དུ་སྤྱོད་དགོས་གདོང་དམར་ཚོ།།

    གནད་ཆོག་ཤེས་དགོས་པའི་སྤུན་ཟླ་ཚོ།།   
      སྤྱིར་འཚོ་ཟས་རན་ཚོད་གཟབ་རྒྱུ་དེ།།
  ཚེ་ཡུན་རིང་བརྟན་པའི་བརྟན་གྲོགས་དང་།།
    ནད་མུག་གེ་མེད་པའི་མཐུན་རྐྱེན་ཡིན།།

   དྲིན་ཨ་མའི་གནང་བའི་རྩམ་དཀར་ཁྱོད།།
  ངའི་ལྟོ་ཆུང་འགྲང་བའི་འགྲང་རོགས་ཡིན།།
 ངའི་གོམ་ཁ་བགྲོད་པའི་བགྲོད་རོགས་ཡིན།།
  ངས་ལ་ཆེན་བརྒལ་བའི་ལམ་ཟས་ཡིན།།

     ངའི་ཕ་ཟས་སྦྲང་དཀར་རྩམ་པ་ཁྱོད།།
        ཟོས་ཆེ་ན་དྲི་མ་ཏིག་ཙམ་ཡོད།།
     དེ་གཟབ་རྒྱུ་རྩམ་དཀར་བུ་ཡིས་འགན།།
      གཞན་མི་མཐུན་འགལ་ཟླ་སྤུ་ཙམ་མེད།།
༢༠༡༤-༤-༢༣-བདུན་ཕྲག་ངལ་གསོ་ཉིན་མོ་ཞོགས་ཇ་འཐུང་ཞོར་དུ་ཁྱུང་བསོད་བློ་ནས་བྲིས།




 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.