སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁེར་སེམས་འཁྱགས་ཀྱིས་སྡོམ་པ་ཉུང་ཉུང་མིན།
[ 2014/4/23 8:57:00 | By: vase ]
 

  
   ཁེར་སེམས་འཁྱཊ་ཀྱིས་སྡོམ་པ་ཉུང་ཉུང་མིན།།


   མངོན་མེད་གསང་གཏམ་ཤོད་སའི་ནང་མི་ཞིག།
    ཡིན་པའི་ཡིད་ཆེས་ཐོག་མ་ཞིག་ནས་ཡོད།།
  ལྷག་བསམ་ཟོལ་མེད་སྐྱོང་བའི་སློབ་གསོ་དེ།།
      ཐོས་འཛིན་སྦུབས་སུ་མ་ཉར་ཡིད་རེ་སྐྱོ།།

     སྒེར་བུ་ཞིག་ལ་ཕྱི་བསམ་དགོས་དབེན་ཀྱང་།།
      ཤ་རུས་རྩ་སྐུད་གཅིག་གི་འབྲེལ་ཟབ་པས།།
       ཕྱི་བསམ་མི་འཁོར་རང་དབང་ང་ལ་མེད།།
      ཁྱོད་ཀྱིས་རྩོད་ལ་མ་འཛེམས་ཡིད་རེ་སྐྱོ།།

       མིང་གི་བརྒྱན་པའི་སྤུན་ཟླ་མང་མོད་ཀྱང་།།
       ཁྱོད་ནི་དགའ་སྡུག་གླེང་སའི་སྤུན་ཟླ་དངོས།།
         ཁེར་རྐྱང་གྲྭ་རྐྱང་ད་དུང་ཁེར་ལུས་ན།།
     སྙིང་ཆུང་སེམས་གཏམ་དྲོན་མོ་སུ་ལ་བཤད།།

     མ་རྩོད་གོང་ནས་གནས་ཚུལ་འདྲ་མིན་ཞིག།
      རྣམ་པའི་སྡུག་ཡུན་མི་འཆར་རང་དབང་དེ།།
      སྒེར་བུ་ང་ལ་འགོག་ཐབས་ཁྱོན་ནས་མེད།།
    ཁེར་སེམས་འཁྱཊ་ཀྱིས་སྡོམ་པ་ཉུང་ཉུང་མིན།།

      རྒྱབ་སྐྱོར་ལྷ་དང་འདྲ་བའི་སྟག་ཤར་དང་།།
     མི་མཐུན་དགྲ་བོ་བཏུལ་བའི་དཔུང་རོཊ་ཀྱི།།
     གྲོས་མོལ་བྱེད་སའི་ཕོ་རྒོད་ཁྱོད་མེད་ན།།
       མི་ཚེའི་དགའ་སྐྱིད་སུ་དང་ལྷན་དུ་རོལ།།

  གཅིག་སེམས་གཅིག་ལ་འཁྲི་བའི་བག་ཆཊ་དེ།།
   གློ་བུར་བཙན་གྱི་འགོག་ཐབས་ཡེ་ནས་དཀའ།།
    གྲོཊ་པོ་ཁྱོད་ཀྱིས་མ་འོངས་དམ་དྲག་དེ།།
    དྲན་ཐེངས་རེ་ལ་ཧུ་ཤུ་ཤོར་ཐེངས་རེ།།

        བཅུད་ལྡན་ཟས་ཀྱི་གྲོ་བ་དུག་ཏུ་གྱུར།།
       འཇམ་ལྡན་གོས་ཀྱི་རེག་བྱ་ཆུ་ལ་ནེབ།།
    བདེ་ལྡན་སེམས་ཀྱི་རེག་བྱ་སྡུག་གིས་ཁེངས།།
 མཉམ་འཛོམས་བདེ་སྐྱིད་འཕེལ་ཁ་རླུང་ལ་ཤོར།།

        གྲྭ་པ་ཞིག་གི་སྒེར་དོན་མ་ཡིན་ཀྱང་།།
    གྲོཊ་པོ་ཞིག་གི་ལས་དོན་གལ་ཆེར་འཛིན།།
       དྲྭ་བ་ཞིག་གི་ཀླད་པའི་མདུན་ངོས་སུ།།
      དྲོ་ཟས་རྨྱིག་ལམ་མ་སོང་འདི་རུ་ཕབ།།
༢༠༡༤-༣-༢༧-དྲོ་གཞུང་འཁོར་དུས་-༢-ཐོག་ཏུ་ཁྱུང་བསོད་བློ་ནས་བྲིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.