ལས་སྣང་འདི་ལ་བྲལ་འདོད་ཆེ།
སྟོན་པས་གཟིཊ་དུས་སྣང་བ་བདེན་པར་མེད།།
བདག་གི་ངོས་ལ་སྣང་བ་བདེན་པར་གྲུབ།།
གནས་སྣང་མི་མཐུན་འཛིན་པའི་ཅོལ་ཆུང་ང་།།
འདོད་ཡོན་སྣང་བ་འདི་ལས་ལྡོག་ཐབས་ཤིག།
ཉོ་ཕྱོཊ་སྤངས་ནས་ཆོག་ཤེས་ཁྲིམས་སུ་འཛུལ།།
སྡིག་ཕྱོཊ་སྤངས་ནས་དགེ་སྤྱོད་ཚུལ་དུ་འཆང་།།
ལེེཊ་ཚོཊ་དགེ་ལ་སྦྱོང་བའི་ཀུན་སློང་ལས།།
སྣང་བ་དཀར་དམར་འདི་ལས་ལྡོག་ཐབས་ཤིག།
ཨོ་ཟོབ་སྤངས་ནས་འདོད་ཆུང་ཆོག་ཁྲིམས་ཞུས།
རྒྱན་སྤྲས་སྤངས་ནས་ཁེར་རྐྱང་འཚོ་སྡོད་བྱས།།
མ་འོངས་ཕྱི་མར་གཙོ་བོ་ཁས་བླང་རྗེས།།
འདོད་ཡོན་སྣང་བ་འདི་ལས་ལྡོག་ཐབས་ཤིག།
རྩལ་གྱི་ནུས་ཤུགས་སྐད་ཡིག་འདི་ལ་འདོན།།
རིག་པའི་མ་ལག་བཅུ་རིག་གཞུང་ལ་སྦྱང་།།
རྣམ་དཔྱོད་སྦར་མོ་ཐོས་བསམ་བློ་ཡིས་བསྒྲད།།
ཀུན་དགའི་སྒྲོ་ལོ་འདི་ལས་བྲལ་ཐབས་ཤིག།
ལ་ལས་བདག་གི་སྤོབས་གཏམ་འཛིན་ཀྱང་ཆོག།
ལ་ལས་བློ་ལ་མི་འཐད་ལབ་ཀྱང་ཆོག།
གང་ལྟར་བདག་གི་རྒྱུན་གྱི་ཀུན་སློང་ལས།།
མ་མཐུན་མེད་པའི་དམ་བཅའ་ཡིན་ཀྱང་ཆོག།
༢༠༡༤-༤-༡༠-ཁྱུང་བསོད་བློ།