ཟིན་གྲངས་བརྒྱ་ཁ་གང་བའི་གླུ་ཆུང་ཡིན།།
ཡ་ཀི་ལྷ་ཡི་ཕྱག་མཚན་ཡག་རབས་བཤད།།
མ་ཀི་འདྲེ་ཡི་ཡན་ལག་སྡུག་རབས་བགྲངས།།
ཡག་སྡུག་སྣ་ཟིན་སྤུ་ཟིན་ཤོག་ཐོག་བཀོད།།
དེ་རིང་ཟིན་གྲངས་བརྒྱ་ཁ་གང་བ་བཟང་།།
ཕར་རིའི་ཕྱུག་པོ་ཚང་ལ་ཡོད་རབས་བཤད།།
ཚུར་རིའི་སྤྲང་པོ་ཚང་ལ་མེད་རབས་བགྲངས།།
ཡོད་མེད་སྣ་ཟིན་སྤུ་ཟིན་ཕྱོགས་བསྡུས་ནས།།
ཟིན་གྲངས་བརྒྱ་ཁ་གང་བ་བསོད་ནམས་ཡིན།།
སྲིད་པ་འཁོར་བ་ནག་ཉེས་ཆེ་རབས་བགྲངས།།
ཞི་བ་མྱང་འདས་བདེ་བ་ལྡན་རབས་བཤད།།
བདེ་སྡུག་གནད་སོ་གཅིག་ཏུ་མ་མཐུན་གླེང་།།
ཧི་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་བཀུག།
ཁ་ཡིས་མཛངས་མ་འཛུམ་གྱི་ལྷ་མོ་བཤད།།
སྣ་ཡིས་བུད་མེད་སྡིག་པའི་གྲོཊ་སུ་ཁྲེལ།།
ཁ་སྣ་མ་མཐུན་བྱིས་པའི་རྩེད་སྒྲུང་དེ།།
སྒེར་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་གྱུར།།
ཡོན་བདག་དྲེད་པོས་ཨ་མཆོད་མ་འཇོན་ལབ།།
ཨ་མཆོད་རྒད་པོས་ཡོན་བདག་སེར་སྣ་གླེང་།།
གཅིག་བློ་གཅིག་ལ་མ་ཁེལ་ངོ་གཉིས་གཏམ།།
ངའི་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་གྱུར།།
རྒད་པོས་བལྟས་ན་རྒད་མོས་རང་ལུས་འཚོང་།།
རྒད་མོས་བལྟས་ན་རྒད་པོས་ལྐོག་མདའ་རྒྱག།
མདོར་ན་རྒས་རྒོག་འཁྲུག་པའི་གནའ་སྒྲུང་དེ།།
ངའི་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་སོང་།།
སྐྱ་བོ་ལྟོགས་པས་གྲྭ་པའི་དགའ་བ་དྲན།།
གྲྭ་པ་བརྒྱགས་པས་སྐྱ་བོའི་བདེ་བ་དྲན།།
སྐྱ་སེར་སོ་སོའི་ལས་ལ་སུན་སྣང་གཏམ།།
ངའི་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་དམིགས།།
དད་པ་མེད་ན་ལྟ་ལོག་རྟོག་སད་ཟེར།།
ཤེས་རིག་མེད་ན་བ་གླང་རྒད་པོ་ཟེར།།
གཅིག་སྣང་གཅིག་ལ་ཡི་ག་མ་སོང་གཏམ།།
ངའི་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་སྤྲིང་།།
མཐོང་རྒྱ་མེད་ན་བླུན་རྨོངས་མགོ་འཐོམ་ཟེར།།
བཤད་རྒྱ་མེད་ན་ནུས་མེད་སྤྲང་པོ་ཟེར།།
ཕྱུག་པོས་སྤྲང་པོ་བརྙས་བརྙས་ཉེས་ཚིག་དེ།།
ཟིན་གྲངས་བརྒྱ་ཁ་གང་བའི་རྐྱེན་དུ་སོང་།།
རྟོག་སད་བུ་ཡིས་ཆོས་ལ་དགག་པ་རྒྱག།
ཆོས་ལུགས་རྒད་པོས་ལྟ་ལོག་རྟོག་སད་ཟེར།།
ཕན་ཚུན་གཅིག་བློ་གཅིག་ལ་མ་མོས་གཏམ།།
ངའི་ཟིན་བརྒྱ་ཁ་གང་བའི་གྲོཊ་སུ་མངག།
མུ་སྟེཊ་ཁྲམ་པས་ལས་འབྲས་མེད་པར་འཛིན།།
ནང་པ་རྒད་པོས་བསླུ་མེད་རྣམ་སྨིན་སྒྲུབ།།
རེ་བཞིན་རང་རང་སོ་སོར་འཆད་པའི་གཏམ།
ངའི་ཟིན་བརྒྱ་ཁ་གང་བའི་རྩོམ་གཞི་གྲུབ།།
ནག་ཉེས་བུ་ཡིས་ལྟག་སྒོ་བརྒྱུད་རབས་འདུག།
ཉེས་མེད་ཉམས་ཆུང་སྡུག་ལ་སྦྱར་ཐོས་འདུག།
རྔམ་གྱིས་ལྐོག་ཟས་ཟོས་པའི་བྱ་ངན་གཏམ།།
ཟིན་གྲངས་འཕེལ་ཁ་རྒྱས་པའི་རྒྱུ་རུ་སོང་།།
ཤི་མ་གསོན་དུས་སྐྱོང་བའི་དྲིན་ཆེན་དེ།།
ཉྭ་རྐང་ཧྲང་དུ་དྲང་པའི་དུས་མཐའ་ལ།།
བྱམས་ལྡན་དྲིན་ངོ་མ་ཤེས་ཕུད་པའི་གཏམ།།
འཛམ་གླིང་ཡིད་རེ་སྐྱོ་བའི་ཟིན་རིས་རྒྱུ།།
བྲི་བའི་གོ་སར་ལྷ་དབང་རྒྱལ་པོས་བསྐོས།།
འབེལ་བའི་ཚིག་ཐུང་ཀླུ་དབང་རྒྱལ་པོས་སྩོལ།།
མཉེན་པའི་སྨྱུག་གུ་ལི་ཤོ་གར་མས་གནང་།།
རྨང་གཞི་བརྡ་སྙན་དྲིན་ཆེན་དགེན་གྱིས་སྐྱོང་།།
འདི་ཚོ་དགེ་རྒན་ཁྱེད་ཀྱིས་བཀའ་དྲིན་ཡིན།།
འདི་ཚོ་དགེ་རྒན་ཁྱེད་ཀྱིས་བྱིན་རླབས་ཡིན།།
འདི་ཚོ་དགེ་རྒན་ཁྱེད་ཀྱིས་ནུས་མཐུ་ཡིན།།
དྲིན་ཆེན་དགེ་རྒན་སྤྱི་བོའི་གཙུག་ཏུ་བཀུར།།
༢༠༡༤-༤-༨-བདུན་ཕྲག་ངལ་གསོའི་ཉིན་མོར་ཁྱུང་བསོད་བློ་ནས།