སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38564


 
ཀ་རྩོམ་ཞང་ཞུང་མ།
[ 2014/4/8 11:53:00 | By: vase ]
 

          
         ཀ་རྩོམ་ཞང་ཞུང་མ།
                               

   ཀ་ལི་གསལ་བྱེད་ཟེ་འབྲུའི་འདབ་རྒྱ་གྲོལ།།
ཁ་བ་དབུ་ནག་རྒད་པོས་དགོད་སྒྲ་སྒྲོགས།།
   ག་ས་གངས་ཅན་ལྗོངས་སུ་ཀ་ཁས་ཕྱུག།
        ང་ཡི་ཕ་ས་ཞང་ཞུང་ཨེ་མ་ཧོ།།

  ཅ་སྐལ་ལྷ་ལ་འདུན་པའི་སྐྱབས་སྡོམ་གཙང་།།
ཆ་མཐུན་གདུངས་ཤུཊ་དྲག་པོས་ལྷན་དུ་སྡེབ།།
ཇ་ཆང་སྐྱེམས་ཕུད་ཟེཊ་མའི་མཆོད་པ་གཙང་།།
ཉ་གང་འབུམ་འགྱུར་དུས་ཆེན་རྒྱུན་དུ་བཀུར།།

        ཏ་ཐའི་རིག་པ་འཛིན་གྱི་སྡེ་སྣོད་དེ།།
   ཐ་ཤལ་ཚོད་དཔག་རྒད་པོས་ཉམས་མི་ལོན།།
   ད་རྟེན་དགེ་ལ་བསྐོར་བའི་དབང་རྣོན་པས།།
   ན་རག་སྐྱེ་སྒོ་ཆོད་ནས་བདེ་སར་བསྙེགས།།

       པ་ཏྲའི་རི་མོ་བཀྲ་བའི་ཁང་སེང་དུ།།
ཕ་རོལ་དགྲ་ལ་བྱམས་པའི་བརྩེ་བརྒྱ་བས།།
    བ་ག་བོན་ཉིད་ཆེན་པོའི་ཞིང་ཁམས་སུ།།
    མ་གྱུར་འགྲོ་བའི་ཉམ་ཐག་མ་ལུས་བསུ།།

   ཙ་ཉོན་དུག་གི་བ་མོའི་འཁོར་ལམ་བརྒྱུད།།
  ཚ་སྲེག་རིག་དྲུག་ལས་སྣང་ཚན་པོ་ཆེ།།
     ཛ་དྲག་མེ་འོབས་སྡུག་ཡུན་མ་མྱོང་བར།།
ཝ་མཛེས་ལྕཊ་ཀྱུའི་ཐུགས་རྗེས་ཞི་བར་འཐེན།།

   ཞྭ་དཀར་སྲིད་པ་གཤེན་གྱི་རྒྱལ་མཚན་སྒྲེང་།།
ཟ་གོས་དྲང་སྲོང་ཁྲིམས་ཆེན་ན་བཟའ་སྤུད།།
  འ་ཅག་རྒྱལ་བ་གཉིས་པ་གཙུག་ཏུ་བཀུར།།
  ཡ་ཀི་བོན་སྲུང་མ་གཡེལ་བསྟན་ལ་རེམ།།

      ར་བ་ཞང་ཞུང་རྒད་པོའི་གཞིས་ས་ཕྱུག།
ལ་སྟོང་རི་ཁྲི་མཐའ་མཚམས་ཞང་སྐད་འབྲེལ།།
ཤ་རུས་ཟུང་ཁྲག་གཅིག་པའི་གཤེན་སྐད་སྒྲོཊ།།
  ས་རྡུལ་བྱེ་མའི་གྲངས་ལས་མཐའ་ཡས་པའི།།

    ཧ་ལེགས་བརྒྱད་ཁྲི་སྟོང་གི་གྱེར་ས་ཟུང་།།
ཨ་དཀར་གཡུང་དྲུང་བསྟན་པ་རྟག་བརྟན་ཤོག།
༢༠༡༤-༣-༢༤-དམ་བཅའ་གྲོལ་མ་ཐག་ཏུ་ཁྱུང་བསོད་བློ་ནས་བྲིས།







   
 
 
Re:ཀ་རྩོམ་ཞང་ཞུང་མ།
[ 2014/4/8 12:07:51 | By: vase ]
 
vaseགྲོགས་པོ་ཚོ་་་་ཀ་རྩོམ་ཞང་ཞུང་མ་ཟེར་བའི་གཏམ་ཐུང་འདི་དང་་་་ཁ་སང་ཁེར་རྐྱང་གི་གྱོང་གུད་ཞེས་པ་དེ་གཉིས་་་་་དེ་སྔོན་ནས་ངས་རང་ཟིན་ནང་སྤེལ་ཡོད་ཀྱང་ད་ནང་ངས་ལག་འཛུབ་ཀྱིས་གནོན་གནོར་ཞིག་སོང་བས་བསྐྱར་སྤེལ་བྱས་དགོས་བྱུང་བས་དགོངས་འགལ་མེད་པར་ཞུ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.