སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38596


 
ཁ་སང་ཁེར་རྐྱང་གི་གྱོང་གུད།
[ 2014/4/8 11:51:00 | By: vase ]
 
  
         
          ཁ་སང་ཁེར་རྐྱང་གི་གྱོང་གུད།


       གསོག་འཇོག་སྣུམ་ཞག་གི་མ་ཕྱུག།
     ཞེན་འཇོག་ཆགས་སེམས་དེ་མ་ཆེ།།
        གདེང་འཇོག་གྲྭ་རྐྱང་གི་ན་བཟའ།།
    བགོ་སྐལ་སྟོན་མཆོག་གིས་གནང་བཞག།

     དལ་འབྱོར་དོན་ཡོད་ཀྱི་གཟུགས་ཕུང་།།
        སེར་པོའི་གསེར་ངོ་ཞིག་ལོན་ནས།།
       ལུས་ཟུང་དགེ་བ་ལ་བསྐོར་ཡང་།།
        འདོད་ཡོན་མཐུན་རྐྱེན་དེ་ཞན་འགྲོ།

         མ་འོངས་བདེ་ལམ་གྱི་རྟགས་མ།།
            ཕྱི་མའི་ལམ་སྟོན་གྱི་བྱང་བུ།།
         ད་ལྟའི་ཡིད་ཆེས་ཀྱི་སེམས་རྟེན།།
       ཤམ་ཐབས་དམར་པོ་འདི་ཡིན་འགྲོ།

        ཁྲོམ་ཡུལ་ཁྲིན་གྲོང་ནས་ཉོས་པའི།།
       རྒྱ་རས་དམར་སྨུག་གི་ཤམ་ཐབས།།
      ཤག་ཐབ་ལྕཊ་ཚན་དེས་བསྲེཊ་ཤོར།།
        གྲྭ་རྐྱང་གྱོང་གུད་དུ་བཏང་བཞག།

           གད་བརྡར་འབྱོར་བ་དེ་ཆུང་ལ།།
          རྒྱང་མཐོང་ལན་ཀ་དེ་ཞན་པས།།
        བརྩེ་མེད་ལྕགས་ཐབ་དེས་རྐུས་སོང་།།
           གྲྭ་རྐྱང་གྱོང་གུད་དུ་བཏང་བཞག།

           ཁ་སང་ཁ་ཉིན་གྱི་དགོང་མོར།།
          གྲྭ་རྐྱང་སེམས་ཆུང་གི་ཡིད་རྟེན།།
       ཤམ་ཐབས་ལྕཊ་ཐབ་ཐོག་ཐུག་ནས།།
         གྲྭ་རྐྱང་གྱོང་གུད་དུ་བཏང་བཞག།

      དཀའ་སྤྱད་སྡུག་རུས་ཀྱི་ཡོང་འབབ།།
        ད་ཡོད་རེ་གཉིས་ཀྱི་ཤབ་ཐབས།།
      ད་ཕྱིས་མི་བརླག་པའི་འཕྲིན་བཅོལ།།
     འདུལ་འཛིན་མགོ་ཟླུམ་ཚོས་གསུང་རོཊ།།

    ལྕགས་ཐབ་དམར་ཚན་གྱི་བསྲེཊ་འཕྲོ།
         ཚིག་ཐུང་ཁ་ཤས་ཀྱི་བརྗོད་བྱ།།
       ཆོག་པ་ཡིད་ཆེས་ཀྱི་རྗེས་དཔག།
      ཡ་ཆུང་ནོར་དཀྱིལ་དུ་ཁོལ་སོང་།། ༢༠༡༤-༢-༢༡-དམ་བཅའ་གྲོལ་རྗེས་སུ་   
              ཁྱུང་བསོད་བློ་ནས་བྲིས།

 
 
Re:ཁ་སང་ཁེར་རྐྱང་གི་གྱོང་གུད།
[ 2014/4/8 12:10:28 | By: vase ]
 
vase

གྲོགས་པོ་ཚོ་་་་ཀ་རྩོམ་ཞང་ཞུང་མ་ཟེར་བའི་གཏམ་ཐུང་འདི་དང་་་་ཁ་སང་ཁེར་རྐྱང་གི་གྱོང་གུད་ཞེས་པ་དེ་གཉིས་་་་་དེ་སྔོན་ནས་ངས་རང་ཟིན་ནང་སྤེལ་ཡོད་ཀྱང་ད་ནང་ངས་ལག་འཛུབ་ཀྱིས་གནོན་གནོར་ཞིག་སོང་བས་བསྐྱར་སྤེལ་བྱས་དགོས་བྱུང་བས་དགོངས་འགལ་མེད་པར་ཞུ། ཟིན་བདག་པ་ཁྱུང་བསོད་བློ་ནས།



 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.