སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 39987


 
ཕྱུག་པོ་ཚོ་ལ་ཞེ་ལོག་ཉེན།
[ 2014/4/8 8:18:00 | By: vase ]
 

     
         ཕྱུག་པོ་འགའ་ལ་ཞེ་ལོག་ཉེན།

    མ་ཚིམ་ཆོག་ཤེས་ཚོད་ཀྱིས་མ་ཟིན་ན།།
   མ་ཐེག་རྒྱུས་རྐང་ཧྲང་དུ་མ་ཐེག་ཟོས།།
    མ་རུང་འདོད་རྔམ་ཆེ་བའི་ཕྱུག་པོ་དེ།།
   མ་ལུས་མ་ཟད་བར་དུ་ཡིད་ཚིམ་དཀའ།།

ཕྱུག་པོའི་བུ་ལ་འདོད་སེམས་རྫོགས་དུས་མེད།།
འདོད་ཡོན་ནོར་གྱིས་ཁེངས་ཀྱང་ཚིམ་དུས་མེད།
མི་དབང་སྤྲང་པོའི་ནོར་ལ་རྒྱང་ཤེལ་གཏད།།
མི་འགྱང་སྤྲང་ཟས་ཟ་བའི་ཟ་ཁ་གདངས།།

དབུལ་པོའི་ནོར་ལ་ཟ་ཁའི་འགྲམ་ཆུ་ཤོར།།
སྤྲང་པོའི་ཟས་ལ་རྨྱིད་པའི་ཡིད་སྒོ་འབྱེད།།
རང་ཟས་ནོར་ལ་སེར་སྣའི་མདུད་པ་དམ།།
གཞན་རྒྱུ་ཟ་ཚོད་མེད་པ་ཕྱུག་པོའི་གཤིས།།

    དྲི་ཆེན་ཁྱི་ཡི་མདུན་དུ་བློས་ཐོང་དཀའ།།
   དྲི་ཆུ་བདུད་རྩི་འཛིན་པའི་ལྟ་བ་མཁྲེཊ།།
 གདེང་འཇོག་ཆེ་སྟེ་ཡོད་ཚད་རིན་ཆེན་བལྟ།།
སེར་པོ་གསེར་གྱིས་ཁེངས་ཀྱང་ངོམ་དུས་མེད།།

   དེང་གི་མགོ་གཉིས་པ་དེ་ཕྱུག་པོའི་བུ།།
    དེང་གི་མཐོ་དད་ཆེ་བ་ཕྱུག་པོའི་བུ།།
    དེང་གི་སྣང་བ་མཐོན་པོ་ཕྱུག་པོའི་བུ།།
   ངོ་གཉིས་འཁྲབ་རྒྱུ་ཆེ་བ་ཕྱུག་པོའི་གཤིས།།

ཁ་ཁོག་བཤད་གཡམ་མ་མཚུངས་ཕྱུག་པོའི་བུ།།
ཕ་མཁར་རྫིག་པོ་མཚན་སྙན་མིང་གིས་བརྒྱན།།
ལོང་ཁའི་ལྟོ་ཁོག་པད་ཚལ་རྒད་པོས་བཀང་།།
ཕུཊ་ཁྱིམ་སྣུམ་པོ་སྙན་གྲཊ་མཆོད་པར་བཤམས།

ཉེར་གཅིག་འཕེལ་ཁ་རྒྱས་པའི་དུས་འདི་ལ།།
མི་ཚེའི་སྡོད་གནས་རྒྱ་མཐོངས་ཐོག་ཏུ་བསྐྱལ།།
ཇ་ཐང་ཁུ་ནག་འཐུང་བའི་ཕྱུག་པོ་འགའ།།
ང་ཡིས་འཚར་ལོངས་ཁྲོད་ནས་མཐོང་མྱོང་ཡོད།།

རྫོང་ཁྲོམ་འགྲིམ་དུས་གྲོན་ཆུང་ཟས་ལ་སྤྱོད།།
རང་ཁྱིམ་སྡོད་དུས་རྩམ་རྐྱང་འཚོ་བར་བརྟེན།།
ཟ་ལ་མི་དགའ་གསོག་ལ་དགའ་བ་དེ།།
འབྱོར་ལྡན་ཕྱུག་པོའི་བུ་ཡི་མཚན་ཉིད་འཛིན།།

ཕྱུག་པོའི་བུ་དེ་མིག་ལ་གཟན་གཟན་ཞིག།
ཕྱུག་པོའི་བུ་དེས་གཡོ་སྒྱུ་འཁྲབ་འཁྲབ་ཅིག།
ཕྱུག་པོའི་བུ་དེས་ངོས་དགའ་ལྐོག་ལབ་ཅིག།
མ་བྱས་མ་འཁྲབ་མེད་པར་བཙན་ལང་ཤོར།།
༢༠༡༤-༤-༥-ཁྱུང་བསོད་བློ་ནས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.