ཨ་ཚངས་སྲས།
ཕོར་ཁ་ཙམ་ལ་གཅེས་སྲོག་འབན་དུ་བཙུག།
དལ་འབྱོར་མི་ལུས་དོན་མེད་ཁྲོམ་དུ་འཕང་།།
སྒྱུ་མའི་སྟང་སྟབས་ཟློས་གར་འཁྲབ་ལ་བྱང་།།
པི་ཝང་དེ་ལ་ཤི་འཐམ་རོ་འཐམ་བྱས།།
ཁ་ནས་མཐུན་སྒྲིལ་བཤད་བཤད་ཁ་ཤ་སྲབ།།
ཁོག་ཏུ་ང་བཟང་ཁྱོད་སྡུག་ངོ་མདོག་འགྱུར།།
བན་ལ་མ་ལོ་བོན་ལ་མི་མཐུན་ལབ།།
པི་ཝང་དེ་ལ་ཤི་འཐམ་རོ་འཐམ་བྱས།།
དཀྲུག་ཤིང་དེ་ལ་ཕུ་དཀྲུག་མདའ་དཀྲུག་ཅིག།
མི་ཁ་དེ་ལ་རླུང་ནག་འཚུབས་འཚུབས་ཅིག།
མི་ངན་ཁྱོད་ཀྱིས་ཚིག་ངན་སྨྲས་སྨྲས་ཅིག།
པི་ཝང་དེ་ལ་ཤི་འཐམ་རོ་འཐམ་བྱས།།
ཕྱིན་ལོག་ཚིག་ལ་བདེན་ཁ་ཡང་ཆེ་བས།།
རང་ཟླའི་རིཊ་ཀྱི་མཐོང་འདོད་མེད་པ་མཚར།།
མི་སྙན་གཏམ་གྱིས་སྒྲ་འཛིན་སུན་ཉེན་ཆེ།།
པི་ཝང་དེ་ལ་ཤི་འཐམ་རོ་འཐམ་བྱས།།
མི་བོས་གཟིཊ་དུས་བོན་དགྲ་མགོ་དམར་འདྲ།
ཐུབ་པས་དགོངས་དུས་བན་ལོག་འགྱུར་ལ་ཉེ།།
ལྷ་མོས་གཟིཊ་དུས་ཚངས་དབྱངས་རྒྱ་མཚོ་འདྲ།
པི་ཝང་དེ་ལ་ཤི་འཐམ་རོ་འཐམ་བྱས།།
མི་འཇོན་ལོག་གཏམ་སྣེ་རུ་ཐེངས་མང་རྙོབ།།
མི་ཤིག་དམ་བཅའ་བཙན་པོའི་བུ་ཡིས་གཏོར།།
མི་འགྱུར་རྡོ་རྗེས་ཐུགས་ཀྱི་མ་གཟིགས་ན།།
མི་ཆུང་ཁྱོད་ཀྱི་མི་སྲོག་བརླག་ཉེན་ཆེ།།
༢༠༡༤-༣-༢༢-ཁྱུང་བསོད་བློ།