སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38811


 
དྭངས་གཙང་གི་ཆུ་བོ།
[ 2014/3/22 22:59:00 | By: vase ]
 

              དྭངས་གཙང་གི་ཆུ་བོ།


སྙོག་མེད་ས་གཙང་དྭངས་གཙང་གི་ཆུ་འདི།།
གངས་ལྗོངས་ཡར་ལུང་གཙང་པོ་ཡི་དྲིན་རེད།
གཏིང་མཐུག་ཞི་བདེའི་རྒྱ་མཚོ་ཡི་ཆུ་འདི།།
ཕྱོཊ་བཞིའི་ཤུཊ་ཆེན་ཁ་འབབ་ཀྱི་རླབས་རེད།།

སྔོ་ལྗང་རྩ་མཆོག་ཟིལ་པ་ཡི་ཆུ་འདི།།
བྱང་གི་གནམ་མཚོ་ཕྱུག་མོ་ཡི་རྩལ་རེད།།
ཕ་ཞིང་རྩ་རའི་དྲོད་གཤེར་གྱི་ཆུ་འདི།།
མ་སྲིང་མཁའ་འགྲོ་བཅུ་གསུམ་གྱི་ཆབ་རེད།།

   རྫ་སྤང་གཡུ་ཤོག་རི་སྲིབ་ཀྱི་ཆུ་འདི།།
བྱིན་རྟེན་ཆུ་མིག་བརྒྱད་བཅུ་ཡི་ཁྲུས་རེད།།
ངེས་མེད་དཔག་ཚད་བགྲང་མེད་ཀྱི་རྔམ་འདི།།
   རྔུལ་རྫའི་རྔུལ་ཆུ་མཚོ་མོ་ཡི་གཏིང་རེད།།

 གངས་འདབས་ཀླུ་མཚོ་རང་བརྡོལ་གྱི་ཆུ་འདི།།
ཐོབ་ཐང་ལྷ་དབང་རྒྱལ་པོ་གིས་གནང་ལ།།
དངོས་གྲུབ་ཀླུ་དབང་བུ་མོ་ཡིས་སྩོལ་སོང་།།
ལྷ་ཀླུ་དཀར་ཕྱོགས་རྒྱལ་པོ་ཚོ་དྲིན་ཆེ།།
༢༠༡༤-༣-༢༢-དི་རིང་འཛམ་གླིང་ཆུ་ཡི་ཉི་མ་ཉིན་ཁྱུང་བསོད་བློ་ནས།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.