སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38832


 
ཀ་རྩོམ་ཁ་ཚ་ལྕེ་སྦྲིད།
[ 2014/3/12 20:12:00 | By: vase ]
 
        ཀ་རྩོམ་ཁ་ཚ་ལྕེ་སྦྲིད།

                
         ཀ་ལི་མ་དཀར་བོན་ལ་བསླབ།།
       ཁ་སང་དེ་རིང་ཁམས་རྒན་འགའ།།
      ག་ས་མཁས་མིང་ཐོག་ཙམ་གྱིས།།
       ང་དྲེགས་ངན་པའི་རལ་ལ་ཁད།།

    ཅ་བཟང་གཤེན་གྱི་གཞི་ལམ་འབྲས།།
      ཆ་ཚང་བསྟན་ལ་ངོ་ལོག་པ།།
     ཇ་ཚེ་སྐད་ཙམ་འགྱུར་སླ་བའི།།
      ཉ་མོས་མཚོ་ཆེན་དྲིན་མ་ཚོར།།

      ཏ་ངན་རྟོག་སད་བླ་མ་དང་།།
     ཐ་སྙད་སྒྲོ་བཏགས་དགའ་བ་སོཊ།།
      ད་སྔོན་དྲིན་ལ་ཕྱིར་འབོད་མང་།།
        ན་རགས་མྱུར་དུ་སྐྱེ་ཉེན་ཆེ།།

         པ་ཐུབ་པོ་ཏི་མ་བྱུང་གོང་།།
      ཕ་མེས་རིན་ཆེན་སྒོ་བཞི་མཛོད།།
      བ་གླང་ལྐོག་ཤལ་རྒད་པོ་འགས།།
   མ་ལུས་མངོན་སུམ་རྡོག་བརྫིས་བཏང་།།

     ཙ་རིའི་དོག་ཚེགས་འཕྲང་རྒྱུད་སྐབས།།
      ཚ་གྲང་འཚམས་པའི་དྲིན་མི་ཚོར།།
      ཛ་དྲགས་རྟོག་བློ་འགྱུར་སླ་བས།།
     ཝ་མོའི་ཕྱིར་འབོད་ནམ་ཡང་ལྟས།།

        ཞ་ར་གཡག་རྒན་རྐང་ཆག་དེ།།
       ཟ་ལྷའི་བསོད་ནམས་ཟད་ལ་ཉེ།།
       འ་མཚེར་རྩ་ལ་ཞེ་སུན་ལོག།
      ཡ་མེད་ཁྲབ་ཆུང་འཁྲབ་ལ་ཁད།།

       ར་བ་ནང་གི་ངོ་གཉིས་ཅན།།
      ལ་མེད་ལུང་དུ་ལུས་ཉེན་ཆེ།།
      ཤ་རུས་ཤི་རུས་མི་བརྩི་བར།།

           ས་ཡའི་གྱུ་ལྡོག་ངོ་རེ་ཚ།།
       ཧ་ལམ་ལྷ་འདྲེ་གང་ཁོང་མེད།།
      ཨ་ཕྲུག་ཐོད་པ་མཚན་ལྡན་ངེས།།
      ༢༠༡༤-༣-༡༢-ཁྱུང་བསོད་བློ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.