སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38547


 
རྗེ་བླ་མ་དྲན་པ་ཐེངས་གཅིག་མིན།
[ 2014/3/5 17:13:00 | By: vase ]
 

   རྗེ་བླ་མ་དྲན་པ་ཐེངས་གཅིག་མིན།

                                ཁྱུང་བསོད་བློ།

   སྐུ་ྃདགྱེས་ཞལ་མཚན་དཔེའི་དཀྱིལ་འཁོར་འཛུམ།།
གསུྃང་འགག་མེད་ཚངས་དབྱངས་དྲུག་བཅུས་བརྒྱན།།
ཐུྃགས་རིས་མེད་བརྩེ་བརྒྱའི་མངའ་བདག་སྟེ།།
    རྗེ་བླ་མ་ཤེྃས་རྃབ་རྒྱྃལ་མཚྃན་བསྟོད།།

    གཞིྃ་ལྟྃ་བྃ་བླ་མེད་དགོངས་རྩལ་རྫོགས།།
  ལྃམ་སྒོམྃ་པྃ་དོན་དམ་གཤིས་སུ་བྱང་།།
འབྲྃས་སྤྱོདྃ་པྃ་སྐུ་གསུམ་ཟུང་འཇུག་ཅན།།
    རྗེ་བླ་མ་མཉྃམ་མེདྃ་ཆེནྃ་པོྃ་བསྟོད།།

   བོན་ཕྱི་ནང་གསུམ་ལ་མཁྱེན་རྒྱ་ཡངས།།
སློབ་ལྔ་རིག་ཤེས་བྱའི་གཤོགས་རྩལ་རྫོགས།།
  གཞུང་འཕྲུལ་སྒྲོན་རྣམ་ལྔའི་བདག་པོ་བ།།
བཀའ་རབས་འབྱམས་མཉམ་མེད་བླ་མ་བསྟོད།།

བསྟན་མདོ་སྔགས་གཞུང་ལ་མངའ་བརྙེས་པའི།།
ས་ཐོག་ཐོག་བླ་མིང་གྲངས་བརྒལ་ཡང་།།
    སེམས་ཐོག་ཐོག་གཙུག་རྒྱན་ཁེ་རུ་མ།།
བོན་རབས་འབྱམས་མཉམ་མེད་ཆེན་པོ་བསྟོད།།

   གཞིས་སྒོ་བཞི་མཛོད་ལྔའི་ཕ་མཁར་ཟིན།།
ལུཊ་ཐེག་པ་རིམ་དགུའི་ལེགས་བཤད་གཟིཊ།།
   ལམ་བརྒྱད་ཁྲི་སྟོང་གི་བོན་སྒོ་སྐྱོང་།།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་འཁྲུང་།།

   གནད་བཅུ་རིག་སྨྲ་བའི་དགའ་ཚལ་དུ།།
བོན་གྲུབ་མཐའི་གྲུབ་ཚུལ་གླེང་བ་ལ།།
  གདམ་མན་ངག་སྨྲ་ལ་རང་དབང་ཐོབ།།
བོན་གཙུག་རྒྱན་མཉམ་མེད་བླ་མ་བསྟོད།།

    མགོན་སྨན་རིའི་ཁྲི་འཛིན་དང་པོ་བ།།
གཤེན་བསྟན་འཛིན་རྒྱལ་བ་གཉིས་པ་བ།།
  བོན་ཕ་ཁྱིམ་བསྟན་པའི་ཀ་ཆེན་དངོས།།
  རྗེ་རྒྱལ་བ་མཉམ་མེད་ཆེན་པོ་བསྟོད།།

  འཆྃད་གྲུབ་མཐའ་ཀུན་ལ་ལྗགས་རྩེ་རྣོ།།
རྩོདྃ་ལོག་རྟོག་གཞོམ་པའི་ཐོག་ལྕེ་བ།།
  རྩོམྃ་ཤེས་བྱ་ཀུན་ལ་ཚིག་བརྗོད་མཛེས།།
རྗེ་ཀུན་མཁྱེན་མཉམ་མེད་ཆེན་པོ་བསྟོད།།

  ཐོསྃ་མཐའ་རྒྱ་མདོ་སྔགས་གཞུང་དུ་བསྐྱོད།།
བསྃམ་སྒྲོ་འདོཊ་དཔྱད་གསུམ་ཚད་མས་ཆོད།།
སྒོམྃ་རེ་དོགས་སེལ་བའི་སྒྲོན་མེ་ཅན།།
དོན་མང་ཐོས་མཉམ་མེད་ཆེན་པོ་བསྟོད།།

  དོན་མཁས་པ་མགུ་བའི་མཁས་རྩོམ་མིན།།
རྨོངས་བླུན་པོས་སྨྲས་པའི་རྨོངས་རྩོམ་མིན།།
སྲང་དབུ་མར་བསྐྱོད་པས་རིག་སྨྲ་བས།།
   རྗེ་བླ་མ་དྲན་པའི་གླུ་དབྱངས་ཡིན།།༢༠༡༤-༣-༥-མཉམ་མེད་དུས་ཆེན་ཉིན་གྱི་འཁོར་དུས་ལྔ་པའི་ཐོག་རང་ཤག་དྲི་བཟང་ཁང་དུ་བྲིས།

 
 
Re:རྗེ་བླ་མ་དྲན་པ་ཐེངས་གཅིག་མིན།
[ 2014/3/5 18:14:10 | By: སྐུ་མགྲོན་L5GSj8(སྐུ་མགྲོན) ]
 
སྐུ་མགྲོན་L5GSj8(སྐུ་མགྲོན)དྲྭ་ཐོག་རྩོམ་ལ་ལྟ་མཁན་མང་བ་བཞིན་རང་རང་གི་ཚོར་སྣང་དང་བསྟུན་ཏེ་མཆན་རེ་བྲིས་ན་རྩོམ་དེར་བྲོ་བ་གསར་ལ་ཞིག་སྦྱིན་པའི་ངོས་འཛིན་ལྟར། ཉིད་ནས་བྲིས་པ་དེ་ལྟར་ལགས་མོད། ད་དུང་བྱུང་ན་དང་ཐོག་རྨང་གཞིའི་དག་སྦྱོར་སྐོར་ལ་ཞིབ་གཟིགས་ཤིག་བྱུང་ན་སྙམ། འདི་ཡང་ངོས་ནས་ངོ་བསྟོད་བྱས་ན་དགའ་སྲིད་ནའང་ཐང་མོད། མཁྲིས་སྨན་ཞིག་གི་ཚབ་ཏུ་ཐལ་སོང་། ཟུར་དུ་གྲོགས་པོ་ལགས་སུ་དགོངས་དག་ཀྱང་ཞུ་བཞིན་གདའ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.