ཁོར་ཡུག་ཁྲོད་ནས་བུ་ཆུང་འདི་འདྲ་མཐོང་།།
ཁྱུང་བསོད་བློ།
གནའ་རྙིང་ནོར་བུའི་བྱིན་རྟེན་མ་ཡིན་ལ།།
ཟིལ་གནོན་གདོང་ལྔའི་ངར་སྐད་མ་ལྡན་ཡང་།།
དབུགས་ཀྱི་གྲེ་བའི་མགུལ་མཛོད་ཁོག་ཡངས་པས།།
འདུ་ཚོགས་གསེང་གི་དབྱར་སྐྱེས་ཆུང་ཆུང་ཞིག།
རེ་འདུན་ཞུ་སའི་དཔོན་རྒོད་མ་ཡིན་ལ།།
རྣམ་ཤེས་བཅོལ་སའི་བླ་རྒོད་དེས་མིན་ཡང་།།
ཐག་སྐུད་དྲང་དུ་འདྲེན་པའི་ཐིག་མཁན་དང་།།
འདྲ་མཉམ་དྲང་ལྡན་མི་བུ་ཆུང་ཆུང་ཞིག།
འཆད་ཉན་སྤེལ་གསུམ་འདུལ་ཚོགས་སྐྱོང་ནུས་དང་།།
མདོ་སྡགས་སེམས་གསུམ་གཤོགས་རྩལ་མ་རྒྱས་ཀྱང་།།
བཅུ་རིག་རྒན་གྱིས་བཀའ་དྲིན་སྐྱོང་ནུས་མཐུས།།
དབུས་ཀྱི་ཕྱོཊ་སུ་དབུ་འཕང་དམའ་དོན་མེད།།
མ་བརྩོན་གྲལ་མགོར་འཐེན་པའི་ཡང་སྲིད་དང་།།
མ་སློབ་རང་བརྡོལ་མཁྱེན་པའི་སྤྲུལ་སྐུ་མིན།།
གོམ་འགྲོས་དང་པོ་དབྱངས་ལ་སློབ་ཉིན་མོ།།
འཕྲུལ་ཡིག་བཞི་བཅུ་ཉིན་གཅིག་བློ་ཡིས་ཟིན།།
སྣུམ་ཁ་གང་བའི་ཕྱུག་པོ་མ་ཡིན་ལ།།
གསོག་ཁ་གང་བའི་ཚོང་དཔོན་མ་ཡིན་ཡང་།།
དད་འདུན་གདུངས་ཤུཊ་གཡུང་དྲུང་བོན་ལ་ཟུག།
བསྟན་ལ་ལྷག་བསམ་དཀར་བའི་བོན་ཕྲུག་ངེས།།
༢༠༡༣-༣-༡༢-ཁྱུང་བསོད་བློ་ནས།