སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
232425262728
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38844


 
དི་རིང་གི་གྲང་ངར།
[ 2014/2/22 11:53:00 | By: vase ]
 
      དི་རིང་གི་གྲང་ངར།

དགུན་མཇུག་བརྩེ་མེད་གྲང་བའི་རླུང་གིས་གོག་ཕུང་གཟུཊ་ལུས་གཡོ་ཞིང་འདར།།
མཆུ་སྒྲོས་པད་མོའི་འདབ་ཁ་ཟུམ་སྟེ་ཁུང་རྡུལ་བ་སྤུ་ཟེངས་སེ་ཟེང་།།
ཨ་ཆུས་ཆུས་ཀྱི་ཁ་འདར་ཁོག་རླུང་གྲང་སྐད་སྒྲ་དེ་ཆད་དུས་མེད།།
ཕྱི་འཐུག་ནང་སྦུག་རས་ཡུག་འདི་ལ་བདེ་དྲོད་གསོ་བའི་ཉམས་རྩ་ཞན།།

སྲོལ་གཏོད་མཁན་པོས་གོས་དྲུག་མནབས་སྐབས་གྲང་ངར་འདིར་མཚུངས་མེད་པ་དང་།།
གངས་རླུང་གསེང་གི་འདུལ་ཁྱུ་ཚོ་ལ་སྙིང་རྗེའི་མ་གཟིགས་གང་ཡིན་ནམ།།
ཡ་མེད་ཁེར་རྐྱང་སྡུག་ལ་སྦྱར་བའི་གྲང་བའི་གནས་ཚུལ་འདི་མཐོང་དུས།།
སོམ་ཉི་མ་ལྡོག་སེམས་ཆུང་ངེད་ཚོ་ཁ་སང་ཁ་བས་ཏག་ཏག་བཟོས།།

དུས་བཞི་ཞིག་གི་དགུན་གྱི་ལྷ་མོའི་བྱད་གཟུགས་གངས་དཀར་ཚོན་རྩིས་བརྒྱན།།
ཁ་ཆར་གངས་རླུང་འཚུབས་མ་རེ་རེའི་གྲང་བདེའི་འབྱོར་བ་ཇེ་ཕྱུག་རེད།།
ནམ་མཁའི་ཐིག་ལེའི་བསིལ་ཟེར་རེ་རེའི་ལང་ཚོའི་རང་མདངས་ཇེ་གསལ་རེད།།
དྭངས་གཙང་ཁ་བའི་འདམ་མ་རེ་རེའི་ཁ་དབུགས་རྒྱུ་བ་ཇེ་དྭངས་རེད།།
༢༠༡༤-༢-༡༨-ཁྱུང་བསོད་བློ།
 
 
Re:དི་རིང་གི་གྲང་ངར།
[ 2014/3/2 19:25:22 | By: སྐུ་མགྲོན་uyp0Sf(སྐུ་མགྲོན) ]
 
སྐུ་མགྲོན་uyp0Sf(སྐུ་མགྲོན)ངོ་མ་སྟོན་པའི་དུས་ལ་ཞང་བོད་ས་འདིར་ད་ལྟ་ནང་བཞིན་གྲང་ངར་ཆེན་པོ་མེད་ལེ་ཡིན་རྒྱུ་རེད། དེས་ན་འདུལ་བ་ཡུལ་དང་བསྟུན་ཞེས་པའི་གཏན་ཚིགས་ཤིག་ཡོད་རབས་ལྟར། ཧ་ཅང་མཐའ་གཉིས་སུ་མ་ལྷུང་བའི་གོས་རྣམས་གྱོན་ཀྱང་འགལ་བ་མེད་པ་འདྲ། དཔེར་ན། སྟོད་འབོག་དང་། ཉྭ་ཤུབས། ཨོ་སུའི་ཞྭ་མོ་སོགས་སོ། རྩེད་མོ་ཡིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.