སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
232425262728
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38860


 
ངོས་བཟུང་མེད་པའི་ཚིག་ཉོབ།
[ 2014/2/12 20:33:00 | By: vase ]
 
ངོས་བཟུང་མེད་པའི་ཚིག་ཉོབ།


དང་པོ་མཐོང་དུས་ཨ་གསར་མ་ཆེ་དགོས།།
བར་དུ་འཕྲད་དུས་མཐུན་སྒྲིལ་མ་ཆུང་དགོས།།
   ཐ་མ་གྱེས་དུས་ངག་སྒོ་མ་ཕོག་ན།
སྲང་ལམ་དབུ་མར་བསྐྱོད་པའི་མི་བུ་མཆོག།

ཆོག་ཤེས་རྒོད་པོས་རན་ཚོད་བཟུང་རྒྱུ་དེ།།
མི་བུ་མཐོ་དམན་སུས་ཀྱང་ལམ་བུ་ཞིག།
འགལ་ཟླའི་གཏམ་ལ་ཡིད་ག་སུ་ལ་མེད།།
རང་ཟླའི་ཕྱོགས་ལ་ཞེན་པ་སུ་ཡིས་ཐོང་།།

སྣེ་གཉིས་བློ་ཡིས་ཕུགས་ཐག་མི་ཆོད་ལ།།
ངོ་གཉིས་གཏམ་གྱིས་རྒྱལ་ཁ་ག་ལ་ལོན།
སྦས་མེད་ཡ་ཆུང་དྲང་པོའི་དཀྱིལ་གཏམ་དེ།།
ལྐོག་མིན་མངོན་དུ་བསྒྲཊ་ན་ཤེས་གསལ་རེད།།

   མ་གོ་ཚིག་ལ་སྣོན་ཁ་དགོས་དོན་ཆུང་།།
     མ་མྱོང་བུ་ལ་མ་བཤད་མི་ཁྲོལ་ཏེ།།
   མ་ལུས་ཕྲག་ཏུ་ཁུར་ལྕི་མ་བབས་གོང་།།
   མ་མཐོང་བྱ་བའི་ངལ་དུབ་ག་ལ་ཤེས།།
  ༢༠༡༤-༢-༦  ཁྱུང་བསོད་བློ་ནས།

 
 
Re:ངོས་བཟུང་མེད་པའི་ཚིག་ཉོབ།
[ 2014/2/12 22:04:08 | By: སྐུ་མགྲོན་qVLx5C(སྐུ་མགྲོན) ]
 
སྐུ་མགྲོན་qVLx5C(སྐུ་མགྲོན)གྲོགས་ལྷ་དར་ཕེབས་པར་དགའ་བསུ་ཞུ།
 
 
Re:ངོས་བཟུང་མེད་པའི་ཚིག་ཉོབ།
[ 2014/2/12 21:33:20 | By: danzengyixi ]
 
danzengyixi


ཤིན་ཏུ་ནས་ཀློག་འདོད་ཆེ་བའི་རྩོམ་ཞིག་སྤེལ་འདུག
ཡིག་གཟུགས་ཆུང་བས་ཀློག་བདེ་པོ་མི་འདུག
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.